དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་འགག་སྒོ་ཁག་ནས་རྒྱལ་ནང་དུ་ཡོང་བའི་ཕྱི་རྒྱལ་ བ་མི་ཐེངས་ཁྲི་1900ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-03

     ཉེ་ཆར་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་འགག་སྒོ་ཁག་ནས་རྒྱལ་ནང་དུ་ཡོང་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་1900ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་30%འཕར་བ་དང་། རྒྱལ་མཚམས་སྒྲོལ་བའི་ཁྲལ་སློག་ཚོང་ཁང་གི་གྲངས་འབོར་ལྡབ་འཕར་གྱི་མང་དུ་ཕྱིན་ནས་ཁྲལ་སློག་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་95%འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་མཚམས་ནང་འཛུལ་བའི་འཛད་སྤྱོད་ནི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད། ད་ལོ་ཚུན། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནད་དོན་གྱི་དཀའ་གནད་ལ་དམིགས་པ་དང་འགག་རྩའི་མཚམས་ཚིགས་ལ་དམ་འཛིན་བྱས་ནས་རྒྱལ་མཚམས་ནང་འཛུལ་བའི་འཛད་སྤྱོད་མུ་མཐུད་རྒྱ་ཆེར་བཏང་ཡོད། གཙོ་གནད་གྲོང་ཁྱེར་གྱི་ཚོང་སྐོར་གསར་བརྗེས་དང་ལས་རྣམ་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ“ཀྲུང་གོར་ཉོ་སྒྲུབ”ཀྱི་འཛད་སྤྱོད་བྱ་ཡུལ་ཕུན་སུམ་ཚོགས་སུ་བཏང་ཞིང་། རྒྱལ་སྒྲོལ་ཁྲལ་སློག་སྲིད་ཇུས་མུ་མཐུད་ལེགས་སུ་གཏོང་བ་དང་། ཕྱི་དངུལ་དང་ཕྱི་རྒྱལ་གྱི་གཱ་གཏོང་སྤྲོད་ཐབས་ལམ་རྒྱ་སྐྱེད་བཏང་བས“ཀྲུང་གོར་ཡུལ་སྐོར”དང“ཀྲུང་གོར་ཉོ་སྒྲུབ”བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    གོམ་སྟབས་རྗེས་མར་ཚོང་དོན་པུས་རྒྱལ་མཚམས་ནང་འཛུལ་བའི་འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་འཛད་སྤྱོད་ཁོར་ཡུག་རྩེ་གྲ་གཏོད་པ་དང་། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་སྐྱེད་སྲིང་མགྱོགས་པོ་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་སྤྱི་ཅན་གྱི་འཛད་སྤྱོད་ཁོར་ཡུག་འཛུགས་སྐྲུན་ཚོད་ལྟའི་ལས་དོན་སྤེལ་བ་བཅས་བྱ་རྒྱུ་དང་། རྒྱལ་སྒྲོལ་ཁྲལ་སློག་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྲལ་སློག་ཚོང་ཁང་བཀོད་སྒྲིག་ལེགས་སུ་གཏོང་བ། ཚོང་ཟོག་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ། ས་གནས་ཁག་ལ“ཀྲུང་གོར་ཉོ་སྒྲུབ”ཀྱི་མཚོན་རྟགས་རང་བཞིན་གྱི་བྱེད་སྒོའི་སྤུས་རྟགས་མུ་མཐུད་གཏོད་པར་མཛུབ་ཁྲིད་བྱེད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་དེ་བས་མང་བ་སྤེལ་ཏེ། ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང་བཅས་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱ་རྒྱུ། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་པོས་ཀྲུང་གོའི་གྲོང་མི་དང་མཉམ་དུ“ཀྲུང་གོར་ཉོ་སྒྲུབ”ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།