དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥུའུ་ཅན་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-03

    ཉེ་ཆར། “དམག་འཁྲུག་ལོ་ཟླར་དད་སེམས་བརྟན་པོར་བསྲུངས། ཡུལ་ལུང་ཐམས་ཅད་ཡུན་རིང་བདེ་ལ་བཀོད”—— ཧྥུའུ་ཅན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སན་མིང་ཡུང་ཨན་གྲོང་ཁྱེར་དུ་སྤེལ་བ་རེད། བྱེད་སྒོ་དེ“དར་དམར་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད”ཅེས་པ་སོགས་ཀྱི་ལེ་ཚན་གསུམ་ལ་ཕྱེ་ཞིང་། གཏམ་བཤད་དང་། ཞབས་བྲོ། ཡུལ་ལྗོངས་ཟློས་གར་སོགས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཧྥུའུ་ཅན་བུ་ཕྲུག་གིས་དཔའ་ངར་ཆེན་པོས་རི་འགོག་དམག་འཁྲུག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོར་ད་དུང“རྒྱལ་སྲུང་ཤེས་སྦྱོར་ཨང་རྟགས”ཞེས་པའི་སློབ་གསོ་དྲིལ་བསྒྲགས་རླངས་འཁོར་བཏང་ནས་ཧྥུའུ་ཅན་ཞིང་ཆེན་གྱི་རྒྱལ་སྲུང་སློབ་གསོའི་ལོ་སྒྲིག་པར་རིས་འགྲེམས་སྟོན་དང་། དམག་དོན་རྩལ་ནུས་ཉམས་ལེན། མི་མེད་གནམ་གྲུའི་སྒྲིག་ཆས་འགྲེམས་སྟོན་སོགས་བྱས་ཏེ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི“ཁྱབ་སྤེལ་བདུན”གྱི་ལས་དོན་གཏིང་ཟབ་སྤེལ་ཡོད། རྒྱལ་སྲུང་གི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོབ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།