དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕེང་ལི་ཡོན་གྱིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྐུ་ཟླ་དང་ལྷན་དུ་ཐེན་ཅིན་ཧའེ་ཧོ་གཙང་པོར་གཟིགས་སྐོར་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-03

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྐུ་ཟླ་སོགས་དང་ལྷན་དུ་ཐེན་ཅིན་ཧའེ་ཧོ་གཙང་པོར་གཟིགས་སྐོར་གནང་བ་རེད།

    ཕེང་ལི་ཡོན་གྱིས་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཤིང་། ཁོང་ཚོ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་འབྲེལ་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།

    སྟོན་དུས་ནམ་མཁའ་སྔོ་ཞིང་གཡའ་དག་པ་དང་། མཁའ་རླུང་གཙང་ཞིང་ཆུ་མོ་དྭངས་བ། ཕེང་ལི་ཡོན་དང་སྐུ་མགྲོན་ཚོ་ལྷན་དུ་གྲུ་ལ་བཞུགས་ནས་ཕེབས་ཀྱིན་ལམ་བར་དུ་ཐེན་ཅིན་གྱི་ལོ་རྒྱུས་དང་འཕེལ་རྒྱས་སྐོར་གྱི་ངོ་སྤྲོད་གསན་པ་རེད། ཕེང་ལི་ཡོན་གྱིས་ཐེན་ཅིན་ནི་ལོ་རྒྱུས་ཀྱི་རྨང་གཞི་དང་དེང་རབས་ཀྱི་ཡིད་དབང་འཕྲོག་ཤུགས་གཉིས་ལྡན་གྱི་གྲོང་ཁྱེར་ཞིག་རེད། ཧའེ་ཧོ་གཙང་པོས་ཐེན་ཅིན་འཕེལ་རྒྱས་དང་སྣ་མང་རིག་གནས་མཉམ་འདྲེས་མིག་ལྟོས་ཀྱི་བདེན་དཔང་བྱེད་ཀྱི་ཡོད། ལྷན་རྒྱས་ལ་སྤྲོ་སྣང་ལྡན་པ་དང་བརྗེད་པར་དཀའ་བའི་མྱོང་བ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཕེང་ལི་ཡོན་དང་སྐུ་མགྲོན་ཚོས་ངོགས་གཉིས་ཀྱི་ཡུལ་ལྗོངས་ལ་མྱོང་རོལ་དང་། གསོལ་ཇ་མཆོད་ཀྱིན་བཀའ་མོལ་གནང་བ་མ་ཟད། སྒྲ་སྙན་རྒྱུད་གསུམ་སྡེབ་དཀྲོལ་གསན་པ་རེད། ཚང་མས་སྤྲོ་སྣང་ཆེན་པོས་ཡུལ་སྐོར་གྲུ་གཟིངས་ཀྱི་གྲུ་གཅལ་ཐོག་ཕེབས་ཏེ་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད། སྐུ་མགྲོན་ཚོས་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་གནང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལའང་ཚད་མཐོའི་གདེང་འཇོག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།