ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་ཚོགས་ཆེན་དང་རིག་རྩལ་མཚན་ཚོགས་ཟླ་9ཚེས་3ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་ཉིན་མོ་རེད། དེ་ཉིན་སྔ་དྲོའི་ཆུ་ཚོད་9པར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲན་གསོའི་ཚོགས་ཆེན་འཚོག་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་དང་འབྲེལ་དམག་དཔུང་ལ་གཟིཌ་ཞིབ་ཀྱང་གནང་རྒྱུ་ཡིན་པ་རེད།
དེ་ཉིན་དགོང་མོའི་ཆུ་ཚོད་8པར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས《དྲང་བདེན་རྒྱལ་ངེས》ཞེས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་དང་ཞི་ཅིན་ཕིང་སོགས་གཟིགས་མོར་ཕེབས་རྒྱུ་རེད།
དེ་ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་ཤིན་ཧྭ་དྲ་བས་ཡིག་རིས་ཀྱི་ལམ་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།