དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

    དྲིན་ཚོར་འབད་འབུངས་དང་ཐེག་པ་ཁུར་ལེན་གྱིས། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    ཉིན་ཤས་བསྟུད་མར་ས་མཐོའི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་གངས་ལྗོངས་ས་མཐོར་ཕེབས་པའི་སྤྲོ་སྣང་ཆེན་པོར་རོལ་བཞིན་ཡོད་པ་དང་། ལྗོངས་ཡོངས་གོང་འོག་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་མུ་མཐུད་དུ་འཕྱུར་བཞིན་ཡོད། ཟླ་8ཚེས་29ཉིན་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་བཀོད་སྒྲིག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད། མངགས་བཅོལ་ལག་ལེན་བསྟར་བ་དང་ལྷག་བསམ་མཚོན་པར་བྱས་ནས་ས་མཐོའི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་དྲིན་ཚོར་འབད་འབུངས་དང་ཐེག་ཁུར་བྱས་རྗེས་བཞག་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ངེས་རེད།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚོགས་འདུར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ལས་ཀའི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་བ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་ཐོན་པར་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོར་བཅའ་སྡོད་སྤུ་ཧྲེང་རྫོང་གི་སྤྱི་ཁྱབ་སྣེ་ཁྲིད་པ་ཡུས་ཅིང་མིང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དང་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་ཞིབ་ཕྲའི་བླང་བྱ་དག་གཞི་རིམ་དུ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཕུགས་བསམ་དད་སེམས་དང་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། སྤྲོ་སེམས་སྔར་བས་ཆེ་བ་དང་། བླང་བྱ་སྔར་བས་ནན་པ། བྱེད་ཐབས་སྔར་བས་དངོས་སྒྲུབ་བཅས་ལ་བརྟེན་ནས་གཞི་རིམ་གྱི་འཐབ་ས་དང་པོའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། བྱང་ཚད་ཕུལ་དུ་བྱུང་བ་དང་། སྤྱོད་ཚུལ་བཟང་བ། འཇོན་ཐང་མངོན་གསལ་དོད་པ་བཅས་ཀྱི་གྲོང་སྡོད་དམག་ཧྲག་ཅིག་འཛུགས་དགོས་ཞེས་བརྗོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲོའུ་དབྱིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དཔེ་བསྡུར་ཡང་ཡང་བྱས་ཏེ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་རྟོགས་ངང་ཟངས་རི་རྫོང་གི་འཕེལ་རྒྱས་དེ་ལྗོངས་ཡོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཡོངས་དང་མཉམ་འདྲེས་བྱས་ནས་བསམ་གཞིག་དང་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་ཨར་ལས་རྒྱུ་ཆ། ས་མཐོའི་རྒུན་འབྲུམ། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་བསྐྲུན་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁ་གསལ་དང་དངོས་སྒྲུབ་ཀྱི་ལས་ཀའི་དམིགས་ཚད་དང་། གནད་ལ་འཁེལ་ཞིང་ནུས་ལྡན་གྱི་འཕེལ་རྒྱས་ཐབས་ལམ། མི་སེམས་དྲོ་སྐྱིད་ལྡན་པའི་དམངས་ཕན་གྱི་བྱ་བ་བཅས་ལ་དངོས་སུ་བསྒྱུར་ནས། ས་ཁོངས་གཅིག་གི་འོད་ཟེར་གྱིས་ཁྱོན་ཡོངས་ལ་གཟི་བརྗིད་བསྣན་ཏེ་ཕུལ་བྱུང་གི་རྒྱུགས་ལན་འབུལ་བར་འབད་བརྩོན་བྱེད་དགོས་ཞེས་བརྗོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཐུང་ཡུས་ཧྥང་གིས་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཁེ་ལས་དང་མང་ཚོགས་བློ་ཡིད་ཚིམ་རྒྱུ་དམིགས་ཡུལ་དུ་བྱེད་པ་དང“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་རྒྱུ”སྣེ་ཁྲིད་དུ་བྱས་ནས། སྲིད་དོན་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།

    ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་ཆོས་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མིག་སྔའི་ལམ་ལྕགས་ཡོ་འཁྱོག་སྔོན་འགོག་གི་དུས་ཚིགས་རང་བཞིན་གྱི་བདེ་འཇགས་དང་། རླངས་འཁོར་འགྲིམ་འགྲུལ། ཆུ་ལོག་སྔོན་འགོག་སོགས་ཀྱི་གཙོ་གནད་ལས་དོན་ཟུང་འབྲེལ་བྱས་ནས་འབྲུབ་དུས་ཀྱི་སྐྱེལ་འདྲེན་བདེ་འཇགས་རྒྱུན་མཐུད་བརྟན་པོ་ཡོང་བ་དང་འགྲུལ་པ་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།