དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ད་ལོའི་ལོ་སྟོད་དུ་བོད་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1956.19ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    གསར་འགོད་པར་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རང་འགུལ་ངང་བྱས་རྗེས་བཞག་ནས་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་དང་ཐབས་མང་སྤྱད་ནས་ལྗང་མདོག་དངུལ་བུན་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་ཞིང་། 2025ལོའི་ཟླ་6པའི་ཟླ་མཇུག་ཏུ་བོད་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1956.19ཟིན་པ་དེ་ལོ་སྟོད་ལས་12.2%འཕར་ཏེ་བོད་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་དངུལ་རྩའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ལྗང་མདོག་དངུལ་བུན་རྒྱུན་མཐུད་འཕར་ཞིང་། ལྗོངས་ཡོངས་ཀྱི་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་རྣམ་གྲངས་མངོན་གསལ་དོད་པོས་འཕར་བ་དང“རི་སྔོན་དངུལ་བུན”དང་། “ནགས་བཟོ་ཐཱན་འདུས་དངུལ་བུན” “ཇ་རའི་ཐཱན་འདུས་དངུལ་བུན”སོགས་ཀྱི“ལྗང་འབྲེལ”ཐོན་རྫས་མང་པོ་བོད་དུ་དོན་འཁྱོལ་བྱས་ནས“ལྗང་མདོག་ལས་ཡོང་འབབ་བྱུང་བ་དང་ཡོང་འབབ་ལས་ལྗང་མདོག་ལ་སྐུལ་འདེད་གཏོང་བར”རམ་འདེགས་ནུས་ལྡན་བྱས་ཡོད། 2025ལོའི་ཟླ་6པའི་ཟླ་མཇུག་ཏུ་བོད་ཀྱི་ལྗང་མདོག་དངུལ་བུན་གྱིས་དངུལ་བུན་ཁག་གི་བསྡུར་ཚད་29.78%བཟུང་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་14ཡིས་མཐོ་བ་ཡོད་པ་རེད།

    ལྗང་མདོག་ཀུན་ཕན་དངུལ་རྩ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་ལྗང་མདོག་ཀུན་ཕན་དངུལ་རྩ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་རྟེན་གཞི་བསྐྲུན་ནས་མི་སྒེར་གྱི་ཐཱན་གྱི་རྩིས་ཁྲ་འཛུགས་རྒྱུ་ནས་འགོ་བཙུགས་ཏེ་ལྗང་མདོག་དངུལ་རྩའི་བཀོལ་སྤྱོད་བྱེད་རྣམ་ཕུན་སུམ་ཚོགས་སུ་བཏང་ཡོད། 2025ལོའི་ཟླ་6པའི་ཟླ་མཇུག་ཏུ། ལྗོངས་ཡོངས་ཀྱིས་མི་སྒེར་གྱི་ཐཱན་གྱི་རྩིས་ཁྲ་ཁྲི་4.74ཤར་གཏོང་བྱས་ནས་རིམ་རྩིས་བརྒྱབ་ན་ཐཱན་འབུད་ཚད་བསྡོམས་ཏུན་241.75ཉུང་དུ་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དང་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་མི་སྒེར་གྱི་ཐཱན་གྱི་རྩིས་ཁྲའི་སྐར་གསོག་དང་འབྲེལ་བ་ཡོད་པའི་དངུལ་རྩའི་ལས་སྒོ་གཉེར་ནས་ལྗང་མདོག་དངུལ་རྩའི་མཚམས་ཐིག་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་གྲ་ནང་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་རྣམ་གྲངས་གསར་སྤེལ་ཉོ་ཚོང་ཚོད་ལྟ་དང་ཟུང་འབྲེལ་བྱས་ནས་དངུལ་རྩས་ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་སོགས་སྐྱེ་ཁམས་ཐོན་རྫས་མངོན་འགྱུར་ལ་རྒྱབ་སྐྱོར་བྱེད་སྟངས་དང་ཐབས་ལམ་འཚོལ་ཞིབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།