དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་རྒྱལ་སྤྱིའི་རིག་གནས་དང་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    ཟླ་8ཚེས་28ཉིན་གྱི་སྔ་དྲོར། “2025ལོའི་ལྷ་ས་རྒྱལ་སྤྱིའི་རིག་གནས་དང་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་དང་པོ་དང་ཕྱི་རྒྱལ་གྱི་ཚོང་ཟོག་སྤུས་ལེགས་ཀྲུང་ཧྭར་འདྲེན་པའི་བོད་ལྗོངས་ལྷ་སའི་ས་ཚིགས”དངོས་སུ་འགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ་9ཚེས་1ཉིན་བར་གཉེར་བ་རེད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ནི་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་པ་དེ་ནི“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་རིག་གནས་དང་ཡུལ་སྐོར་གྱི་ཚོང་དོན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི”རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལེན་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་དང་ཡུལ་སྐོར་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད།

    དངོས་མང་སྟོན་ཚོཌ་གཉེར་སར། འགྲེམས་ཞུགས་ཚོང་པ་150ཡིས་ཁྱད་ལྡན་ཐོན་རྫས་སྣ་ཁ་བརྒྱ་གྲངས་འཁྱེར་ཡོད་པ་སྟེ། ཧྥ་རན་སེའི་རྒུན་ཆང་དམར་པོ་དང་། ཧིན་རྡུ་ཉི་ཞི་ཡའི་ཀོག་ཧྥེ། དབྱི་རན་གྱི་ཁ་ཆེ་ཤ་སྐམ་སོགས་རྒྱལ་སྤྱིའི་སྤུས་ལེགས་དངོས་ཟོག་ཡོད་ལ། བོད་ཀྱི་སྦི་རག་དང་། ནས་ཀྱི་ཐོན་རྫས། ས་མཐོའི་སྦྲང་རྩི་སོགས་རང་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཀྱང་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་གཙོ་གཉེར་ཕྱོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཐུན་ཚོགས་དང་འཐབ་ཇུས་ཀྱི་གྲོས་མཐུན་བཞག་པ་མ་ཟད། ཤང་ཀང་དངོས་མང་སྟོན་ཚོགས་སུ་བསྐྱོད་པའི་ཚོང་འགུགས་འཆར་གཞི་ལག་བསྟར་ཡང་བྱས་པ་རེད། རྗེས་མཐུད་ད་དུང་ཟླ་9པར་ཚོགས་སྒྲིག་རྣམ་པའི་སྒོ་ནས་རི་པིན་དུ“ཀྲུང་གོའི་བོད་ཀྱི་རིག་གནས་དུས་ཆེན”ལ་ཞུགས་རྒྱུ་དང་། ཟླ་10པར་ཤང་ཀང་དུ“བོད་ཀྱི་རིག་གནས་གཟའ་འཁོར”གཉེར་བར་བསྐྱོད་དེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་དེ་རྒྱལ་སྤྱིའི་ཁྲོམ་ར་དང་འབྲེལ་མཐུད་གཏིང་ཟབ་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།