དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་རྒྱ་ཚ་རྫོང་གི་གཞོན་ནུ་56ཧུའུ་པེར་ལས་ཞུགས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་2025ལོའི་ཁག་གཉིས་པའི་ལྗོངས་ཕྱིར་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལ་སྐྱོད་པའི་མཛད་སྒོ་འཚོགས་ཤིང་། གཞོན་ནུ་56ཧུའུ་པེའི་དབྱི་ཁྲང་ཀྲི་ཅང་གྲོང་ཁྱེར་གྱི་ཧྭ་ཤིན་འོད་གློག་ཚད་ཡོད་ཀུང་སིར་ལས་ཀར་ཞུགས་པ་རེད།

    “ཕྱིར་བསྐྱོད་ན་ད་གཟོད་ལག་རྩལ་གསར་ཤོས་སྦྱོང་ཐུབ་ལ་མིག་རྒྱང་ཡང་རིང་དུ་འགྲོ་ཐུབ། དེ་རིང་ང་ཚོས་བོད་ཀྱི་ལྷག་བསམ་དང་རིག་གནས་ཧུའུ་པེར་ཁྱབ་གདལ་གཏོང་རྒྱུ་ཡིན་ལ། སླད་ཕྱིན་ང་ཚོས་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་ལ་བརྟེན་ནས་ཕ་ཡུལ་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་མཛད་སྒོར་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་འཐུས་མི་བསོད་ནམས་ལྷ་མོས་གདེང་ཚོད་ཆེན་པོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནས་ད་བར། རྒྱ་ཚ་རྫོང་གིས་ལྗོངས་ཕྱིའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱེད་སྒོ་ཁག་ཐེངས་དྲུག་སྤེལ་ནས་གཞོན་ནུ་279དབྱི་ཁྲང་ཏང་དབྱང་གྲོང་ཁྱེར་དང་ཀྲི་ཅང་གྲོང་ཁྱེར་སོགས་སུ་ལས་ཀར་ཞུགས་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་བརྒལ་བའི་ལས་ཞུགས་ཀྱི“གཞིས་ཆགས་ཐུབ་པ་དང་རྩ་བ་ཚུགས་ཐུབ་པ”འགན་སྲུང་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་ཁ་གསབ་དང་། གཞིས་ཆགས་ཁ་གསབ། འཚོ་བའི་ཁ་གསབ་སོགས་སྲིད་ཇུས་སྣ་མང་བཏོན་པ་མ་ཟད། “གཅིག་གཏད་གཅིག”གི་རྗེས་སྙེགས་ཞབས་ཞུའི་ལམ་སྲོལ་ཡང་བཟོས་ནས་རྒྱ་ཆེའི་གཞོན་ནུ་རྣམས་ལས་ཞུགས་བརྟན་པོ་དང་རྩ་བ་ཚུགས་ནས་འཇོན་ཐང་ཅན་དུ་འགྱུར་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།