དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་བོད་ལྗོངས་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་ཟླ་9ཚེས་5ཉིན་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་ཟླ་9ཚེས་5ཉིན་ནག་ཆུའི་གེ་སར་རྟ་རྒྱུག་ཐང་དུ་འགོ་ཚུགས་རྒྱུ་ཡིན་པ་རེད།

    སྐབས་འདིའི་རྟ་རྒྱུག་དུས་ཆེན་ལ“9+3”གྱི་རྣམ་པ་མུ་མཐུད་སྤྱོད་རྒྱུ་ཡིན་པར། ཟླ་8ཚེས་27ཉིན་ནས་ཟླ་9ཚེས་4ཉིན་བར་ནི་གྲ་སྒྲིག་གི་དུས་མཚམས་དང་ཟླ་9ཚེས་5ཉིན་ནས་ཚེས་7ཉིན་བར་ནི་བྱེད་སྒོ་དངོས་ཀྱི་དུས་མཚམས་རེད།

    བོད་བྱང་ཐང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་སྲོལ་རྒྱུན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པའི་འཆར་ཅན་རྟ་རྒྱུག་དུས་ཆེན་ནི་བློ་སྟོབས་དང་རྩལ་ནུས་ངོམ་སྟོན་བྱེད་པའི་ལུས་རྩལ་འགྲན་བསྡུར་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱེད་པ། མི་རིགས་ཁག་དབར་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།