ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུའི་གསོལ་སྟོན་བཤམས་པ།
ཟླ་8ཚེས་31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་སྒྲོན་བཞིན་པ།
ཟླ་8ཚེས་31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་གསོལ་སྟོན་འགོ་མ་ཚུགས་གོང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་རྣམས་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།
དབུ་ཚོགས་ལ་ཞུགས་མཁན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ། གླེང་མོལ་རོགས་ཟླའི་རྒྱལ་ཁབ། ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་སོགས་ཕྱི་རྒྱལ་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་འཛིན་20ལྷག་ཙམ་དང་ཁོང་རྣམ་པའི་སྐུ་ཟླ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་10གཅིག་རྗེས་གཉིས་མཐུད་ངང་ཕེབས་འབྱོར་ཟིན་ཞིང་། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་ཁག་གི་གྲགས་ཅན་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྒྱལ་སྤྱིའི་སྐུ་མགྲོན་ཚོས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་རྒྱལ་དར་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚོགས་དར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་བཅས་ལས་གྲུབ་པའི་བརྗིད་ཉམས་ལྡན་པའི་དར་སྒྲེང་རུ་སྟར་ཁྲོད་ཀྱི་ས་གདན་དམར་པོའི་ཐོག་ཕེབས་པ་རེད།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཕྱི་རྒྱལ་ཕྱོགས་ཀྱི་འགོ་ཁྲིད་པའི་སྟངས་དཔྱལ་ལ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ནས་ཁོང་རྣམ་པ་དང་མཛའ་བརྩེའི་ངང་ཕྱག་གཏོང་རེས་དང་ཕན་ཚུན་འཚམས་འདྲི་གནང་བ་མ་ཟད། ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་ཏེ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་དུ། ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་དང་ཕན་ཚུན་དབར་གྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་ཞུགས་པ་བཅས་བྱས་པ་ལས། འདི་ཉིད་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། བརྟན་ལྷིང་མེད་པ་དང་། གཏན་འཁེལ་མེད་པ། སྔོན་དཔག་དཀའ་བ་བཅས་ཀྱི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་པས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་ཡོད། ཐེངས་འདིའི་དབུ་ཚོགས་ཀྱིས་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། མཉམ་ལས་ཀྱི་སྒུལ་ཤུགས་འཕེལ་བ། འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་བཅས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་ངེས་ཡིན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་རོགས་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བྱ་གཞག་ལ་རམ་འདེགས་བཅས་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཐེན་ཅིན་ནི་སྒོ་དབྱེ་བསྟུན་མཁས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། གནའ་སྔ་མོ་ནས་བཟུང་རྒྱལ་ས་དང་དེའི་ཉེ་འདབས་ཀྱི་ས་ཆ་གལ་ཆེན་ཞིག་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ཞིག་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐེན་ཅིན་གྱི་ལེའུ་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཐེན་ཅིན་དུ་ཐེངས་འདིའི་དབུ་ཚོགས་འཚོགས་པ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་ངེས་རེད།
གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ《འབྱུང་འགྱུར་མཉམ་དུ་གཏོད》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་ནས་ཤེས་དཔལ་དཔྱད་གཞིར་འཛིན་རེས་དང་ཆུ་བོ་ཐམས་ཅད་རྒྱ་མཚོར་འདུས་པའི་མཐུན་འགྲོགས་ཀྱི་མཛེས་པར་མྱོང་རོལ་གནང་བ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་ཐོག་འོད་སྟོང་གཏོད་པའི་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་ལ་མྱོང་རོལ་ཡང་གནང་བ་རེད།
ཚའེ་ཆི་དང་། ཝང་དབྱི། ཁྲེན་མིན་ཨེར། ཝང་ཞའོ་ཧུང་སོགས་བྱེད་སྒོར་ཞུགས་པ་རེད།
དགའ་བསུའི་གསོལ་སྟོན་འགོ་མ་ཚུགས་གོང་། སྐུ་མགྲོན་ཚོས་ཐེན་ཅིན་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་གཟིགས་པ་རེད།
འབྲེལ་ཡོད་གསར་འགྱུར།