དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གློག་སྤྱོད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-01

    འདི་ནི་རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས“མི་ཚང་མས་བདེ་འཇགས་སྲུང་བ་དང་། མི་མི་རེ་ངོ་རེས་འཕྲལ་སྡོམ་བྱེད་ཤེས་པ། ཉེ་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

    འདི་ནི་རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུ་རུ་ཁག་གིས་ཤང་དང་གྲོང་རྡལ་ཁག་གི་དུད་ཚང་ནང་བསྐྱོད་ནས་གློག་སྤྱོད་བདེ་འཇགས་ཞིབ་བཤེར་བྱེད་པ།

    ཉེ་ཆར། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས་སྣང་རྫོང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང(བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང)གི་ཁོངས་མིའི་ཚན་པ་ཁག་དང་མཉམ་འབྲེལ་ཐོག“མི་ཚང་མས་བདེ་འཇགས་སྲུང་བ་དང་། མི་མི་རེ་ངོ་རེས་འཕྲལ་སྡོམ་བྱེད་ཤེས་པ། ཉེ་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ཏེ། མང་ཚོགས་དང་། བཟོ་པ། སློབ་མ་སོགས་ཀྱི་ཚོགས་སྤྱིར་གློག་ཤུགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་སྙིང་གལ་ཆེན་དང་བྱ་ཐབས་གཙོ་བོ་སྒྲོག་འགྲེལ་དང་འགྲེལ་བཤད་བརྒྱབ་པས། རིམ་རྩིས་བརྒྱབ་ན་མི་ཐེངས་30ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་དང་མང་ཚོགས་མི་ཐེངས་500ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།