དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁོངས་འཛུལ་བའི་ཡུལ་སྐོར་གྱིས་འཛད་སྤྱོད་འཕེལ་བར་སྐུལ་ཁྲིད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-01

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་ཁོངས་འཛུལ་བའི་ཐོ་འགོད་རེའུ་མིག་རྒྱོང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཤིན་གྱིས་པར་བརྒྱབ།

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧྲའན་ཤིས་ཤིས་ཨན་གྲོང་གི་ལྕགས་རིའི་སྟེང་དུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ། ཨུང་ཆི་ཡུས་ཀྱིས་པར་བརྒྱབ(མི་དམངས་མཐོང་ཚོར)

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧའེ་ནན་སན་ཡཱ་གྲོང་ཁྱེར་གྱི་ཚོང་ཁང་ཞིག་ནས་དངོས་ཟོག་ཉོ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའོ་ཁྲེང་གིས་པར་བརྒྱབ།

    འདི་ནི་ཁྲུང་ཆིང་ཅང་པེར་གནས་པའི་ཤིང་ཀོང་68ཟོག་ཉོའི་ཐང་ཆེན་དུ་ལས་དོན་པས(གཡོན)ཧན་གོའི་ཡུལ་སྐོར་བ་ཞིག་ལ་རྒྱལ་ཁོངས་བྲལ་སྐབས་ཁྲལ་སློག་གི“ཉོས་མ་ཐག་ཁྲལ་སློག་པའི”ལས་སྒོ་གཉེར་རོགས་བྱེད་བཞིན་པ། ཀུའོ་རུའེ་ཡིས་པར་བརྒྱབ(ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)

    འདི་ནི་ཀྲེ་ཅང་ཅིན་ཧྭ་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་ཕྱི་རྒྱལ་གྱི་ཚོང་འགྲུལ་པས་ཚོང་ཟོག་འདེམས་ཉོ་བྱེད་བཞིན་པ། ཧུའུ་ཤའོ་ཧྥེ་ཡིས་པར་བརྒྱབ(མི་དམངས་མཐོང་ཚོར)

    འདི་ནི་ཨིར་ལན་གྱི་ཡུལ་སྐོར་བས་ཧུའུ་ནན་ཀྲང་ཅ་ཅེ་དོན་གཉིས་ངོ་མཚར་ཐོག་ཁང་གི་མཛེས་ལྗོངས་ཁུལ་དུ་དྲན་རྟེན་དངོས་རྫས་འདེམས་ཉོ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤོའེ་ཡུས་ཀེ་ཡིས་པར་བརྒྱབ།

    འདི་ནི་ཕྱི་སྦྱོང་སློབ་མ(གཡོན)ཞིག་གིས་ཕ་མ་ཁྲིད་དེ་ཧྲང་ཧའེ་ནན་ཅིང་ལམ་རྐང་ཐང་ཁྲོམ་གཞུང་གི་ལག་རྟགས་ཚོང་ཁང་ཞིག་ཏུ་ཁྱད་ལྡན་ཞིམ་ཟས་ཀྱི་བྲོ་བ་མྱོང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་ འགོད་པ། ཁྲེན་ཧའོ་མིང་གིས་པར་བརྒྱབ།

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཨན་ཧུའེ་ཧོང་ཧྲན་དབྱི་རྫོང་ཧུང་ཚུན་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ། ཞུས་ཅ་ཏུང་གིས་པར་བརྒྱབ(མི་དམངས་མཐོང་ཚོར)

    དབྱར་གཞུང་འདིར་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”རྒྱུན་མཐུད་ཆེ་རུ་འགྲོ་བ་དང་དེ་བཞིན་རྒྱལ་ཁོངས་བྲལ་སྐབས་ཁྲལ་སློག་གི“ཉོས་མ་ཐག་ཁྲལ་སློག་གི”སྲིད་ཇུས་ཀྱི་སྐུལ་འདེད་འོག ཀྲུང་གོར་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་པ་དང་། “ཀྲུང་གོ་ནས་ཉོ་སྒྲུབ”བྱེད་པ་དེ་རྒྱལ་ཁོངས་འཛུལ་བའི་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཏེ། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཆེད་མངགས་ཀྲུང་གོར་ཡོང་ནས་ཅ་དངོས་སྣ་ཚོགས་ཉོ་གི་ཡོད།

    གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རྒྱལ་ནང་གི་རྒྱལ་ཁོངས་བྲལ་སྐབས་ཁྲལ་སློག་གི་ཚོང་ཁང་གི་གྲངས་འབོར་ལྡབ་འཕར་བྱུང་ནས་ཚོང་ཁང་7200ལྷག་ཙམ་ཟིན་པ་དང་། ཁྲལ་སློག་སྲིད་ཇུས་ལོངས་སུ་སྤྱོད་པའི་མི་འབོར་ཡང་དུས་མཚུངས་ལས་186%འཕར་བ། ཁྲལ་སློག་ཚོང་ཟོག་གི་བྲིན་ཚོང་དངུལ་འབོར་དང་དེ་བཞིན་ཁྲལ་སློག་དངུལ་འབོར་དུས་མཚུངས་ལས་94.6%དང་93.2%སོ་སོར་འཕར་ཡོད། དྲན་རྟེན་དངོས་པོ་དང་། དར་སོ་ཆེ་བའི་རྩེད་ཆས། ཚན་རྩལ་ཐོན་རྫས་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པའི་འཛད་ཟོག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།