བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེན་པོ་སྐབས་བཅོ་བརྒྱད་པའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུཌ་པ།
ཉེ་ཆར། “འོད་སྟོང་རབ་ཏུ་འཕྲོ་བའི་ལོ་ངོ་དྲུག་ཅུ། པར་རིས་་ཐོག་ནས་སྐལ་བཟང་དུས་ལ་བསྟོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེན་པོ་སྐབས་བཅོ་བརྒྱད་པའི་རིམ་སྤེལ་བྱེད་སྒོ་བོད་ལྗོངས་སྒྱུ་རྩལ་ཁང་དུ་སྤེལ་འགོ་ཚུགས་པ་རེད།
ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་ཡིན་པའི་ཀྲང་ཀྲེང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་དང་ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞེ་ལིས་ཤིས་ཚིག་བསྒྲོན་པ་མ་ཟད། ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེན་པོ་འགོ་ཚུགས་པ་མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད།
འགྲེམས་སྟོན་དེ་འགྲེམས་སྟོན་གཙོ་བོ་དང་མཉམ་མཚུངས་འགྲེམས་སྟོན་གཉིས་ལས་གྲུབ་པ་དང་། འགྲེམས་སྟོན་གཙོ་བོ“ལོ་ཟླའི་ཉམས་སྣང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་པར་ལེན་འགྲེམས་སྟོན”ལ་རྒྱལ་ཡོངས་ནས་བསྡུས་པའི་པར་རིས་དང་མི་སྣ་གྲགས་ཅན་གྱི་གསར་རྩོམ་གྲུབ་འབྲས་འདུས་ཡོད། དེས་རང་བྱུང་དང་། མི་ཆོས་རིག་གནས། དུས་རབས་བཅས་ཕྱོགས་གསུམ་ནས་དུས་རབས་གསར་པའི་བོད་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྙན་ཤེལ་བརྒྱུད་མཚོན་པར་བྱས་པ་དང་། མཉམ་མཚུངས་འགྲེམས་སྟོན“མེ་ཏོག་མཉམ་བཞད། དུས་རབས་གསར་པའི་རྒྱལ་ཡོངས་ཀྱི་པར་ལེན་བརྩམས་ཆོས་རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན”དེས་རྒྱལ་ཡོངས་ཀྱི་བརྩམས་ཆོས་རྩེ་གྲ་བདམས་པས་ཀྲུང་ཧྭའི་ས་གཞི་ཆེན་པོའི་དུས་རབས་ཀྱི་ཉམས་འགྱུར་མཚོན་པ་མ་ཟད། གངས་ལྗོངས་ས་མཐོའི་དར་རྒྱས་གོང་འཕེལ་དང་གཅིག་ལ་གཅིག་རྒྱན་ཞིག་ཏུའང་གྱུར་ཡོད། “ངའི་ཕ་ཡུལ་ངའི་ཁྱིམ་གཞིས། ལག་ཐོགས་ཁ་པར་གྱི་པར་ལེན་འགྲེམས་སྟོན”དེས་མི་དཀྱུས་མའི་མཐོང་སྣང་ནས་དུས་རབས་གསར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕོ་འགྱུར་ཟིན་ཐོར་བཀོད་ཡོད།
འབྲེལ་ཡོད་གསར་འགྱུར།