2025ལོའི་ས་བོན་ཚན་སློབ་ཀྱི་བོད་སྐྱོར་སྤྱི་ཕན་བྱ་སྤྱོད་སྤེལ་འགོ་ཚུགས་པ།
ཉེ་ཆར། 2025ལོའི་ས་བོན་ཚན་སློབ་ཀྱི་བོད་སྐྱོར་སྤྱི་ཕན་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་ས་མཐོའི་ས་བོན་ཚན་སློབ་ཀྱི་འབུམ་རམས་པའི་སྒྲོག་འགྲེལ་ཚོགས་པའི་ཚན་རིག་ཁྱབ་གདལ་གླེང་སྟེགས་བོད་ལྗོངས་སློབ་ཆེན་དུ་འཚོགས་པ་རེད། བྱེད་སྒོས“ས་མཐོའི་རྩི་ཤིང་དང་པགས་པའི་བདེ་ཐང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རིག་གཞུང་སྙན་ཞུ་དང་། ཞལ་འདེབས་མཛད་སྒོ གྲལ་སྒོར་གླེང་སྟེགས་སོགས་ཀྱི་རྣམ་པའི་ཐོག་ནས་ས་མཐོའི་རྩི་ཤིང་གི་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་གསར་སྤེལ་དང་བདེ་ཐང་བེད་སྤྱོད་ལ་སྐུལ་འདེད་བཏང་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་གཞོན་ནུ་འབུམ་རམས་པ་ལས་གྲུབ་པའི་ས་མཐོའི་ས་བོན་ཚན་སློབ་ཀྱི་འབུམ་རམས་པའི་སྒྲོག་འགྲེལ་ཚོགས་པ་དངོས་སུ་བཙུགས་ཤིང་། སྒྲོག་འགྲེལ་ཚོགས་པས་སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་ནས་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་ཏེ་སྐྱེ་ཁམས་འདུ་ཤེས་བརྒྱུད་བསྒྲགས་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱ་སྤྱོད་ནི་ཧྲང་ཧའེ་ལེ་དབྱང་ཤིང་དམར་ནགས་ཚལ་དགེ་སྒྲུབ་སྤྱི་ཕན་ལྟེ་གནས་ཀྱིས་སྣེ་ཁྲིད་ཅིང་། ཧྲང་ཧའེ་ཡིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་ཟབ་ཏུ་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་བོད་སྐྱོར་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།