དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྲོལ་རྒྱུན་ལག་ཤེས་ཐོན་རྫས་དང་དེང་རབས་ལག་རྩལ་མཉམ་འདྲེས་ཟབ་མོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལུང་ཧྲེ་ཅན།   |     སྤེལ་དུས།  2025-08-31

    འདི་ནི་མཚོན་དོན་ཟབ་པའི་དེང་རབས་ཀྱི་རི་མོས་བརྒྱན་པའི་བོད་རུམ་ཡིན་པ།

    ལོ་ངོ་3000ཙམ་གོང་ན། མཚོ་བོད་ས་མཐོའི་མེས་པོ་ཚོས་གདོད་མའི་བོད་རུམ་གྱི་འཁེལ་འཐག་ལག་རྩལ་ཁོང་དུ་ཆུད་ཅིང་། ས་ཁོངས་རིག་གནས་ཀྱི་རྣམ་པ་ཟབ་མོའི་འོག་ལོ་ངོ་སྟོང་རིང་གི་རྒྱུན་འཛིན་དང་འཕེལ་འགྱུར་ཁྲོད་འཐག་རྩལ་དང་། སྤུས་ཚད། ཁ་མདོག་བཅས་དང་དེ་བཞིན་རི་མོ་སོགས་ལ་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ལ། རིག་གནས་ཀྱི་ནང་དོན་ཡང་ཟབ་མོ་ཡོད།

    མཚོ་སྔོན་ལ་ཆ་མཚོན་ན་བོད་རུམ་ནི་ཁྱིམ་ཚང་གི་རྒྱན་སྤྲོས་ཁོ་ན་ཙམ་ཞིག་མིན། མི་རིགས་ཀྱི་སྲོལ་རྒྱུན་གྱི་རི་མོ་དང་། འཚོ་བའི་རྣམ་པ། རང་བྱུང་མཛེས་ལྗོངས་སོགས་ཕུན་སུམ་ཚོགས་པའི་རི་མོར་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཚོན་དོན་བསྡུས་ཡོད་ལ། མཛེས་སྡུག་ལྡན་པའི་རེ་སྒུག་མཚོན་པ་མ་ཟད། མི་རྣམས་ཀྱི་སེམས་ཀྱི་བརྟེན་ས་ཞིག་ཏུའང་གྱུར་ཡོད། ཚོས་མདོག་རྣམ་པར་བཀྲ་བའི་བཟོ་རྩལ་ཐོན་རྫས་ཀྱི་སྟེང་དུ་མཚོ་སྔོན་གྱི་རི་ཀླུང་སྲོག་ཆགས་བྲིས་ཡོད་པ་ལས་གནས་དེ་གའི་མི་རྣམས་ཀྱིས་འཚོ་བ་དང་རང་བྱུང་ཁམས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་ལ། མཚོ་སྔོན་མི་དམངས་ཀྱིས་འཚོ་བར་བཅངས་པའི་དགའ་ཞེན་དང་རང་བྱུང་ཁམས་ཆེན་པོར་བསྟོད་གླུ་ཕུལ་བའང་མཚོན་ཡོད།

    རུམ་འཐག་ནི་ལག་ཤེས་ཤིག་ཡིན་པ་མ་ཟད། འཚོ་བར་བཅངས་པའི་རྣམ་འགྱུར་ཞིག་དང་མཛེས་སྡུག་དོན་གཉེར་བྱེད་པ་ཞིག་ཀྱང་ཡིན། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅ་ཡ་བོད་རུམ་ལག་ཤེས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དབྱང་ཡུང་ལེང་གི་མྱོང་ཚོར་ཞིག་རེད། མཛེས་སྡུག་གི་རྣམ་པ་མངོན་ཆེད། ས་གནས་དེ་གའི་ལག་ཤེས་པས་བོད་རུམ་གྱི་སྟེང་དུ་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་བཀོད་དེ་བཀྲག་མདངས་ལྡན་པར་བྱེད་པ་མ་ཟད། དེང་དུས་སྒྱུ་རྩལ་གྱི་གཞི་རྒྱུ་བསྣན་ནས་བོད་རུམ་ལ་དུས་རབས་ཀྱི་རྣམ་པ་ཟབ་མོ་མངོན་པར་བྱེད་ཀྱི་ཡོད།

    བོད་རུམ་འཐག་མཁན་ཚོས་བརྗེད་པར་དཀའ་བ་ཞིག་ལ་2021ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་དུ་གནས་པའི་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ནས་ཁེ་ལས་ལ་ཚན་རྩལ་གསར་གཏོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། ལོ་བཞི་ཡི་རིང་། ཇུས་འགོད་ཞིབ་སྤེལ་སྡེ་ཚན་གྱིས་AI(མི་ཐབས་རིག་ནུས)ཡི་ལག་རྩལ་ལ་བརྟེན་ནས་ས་གདན་གྱི་རི་མོ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྲོལ་རྒྱུན་རུམ་འཐག་ལག་ཤེས་མི་ཉམས་གོང་འཕེལ་བཏང་བའི་རྨང་གཞིའི་ཐོག་འཕྲུལ་འཐག་ས་གདན་དང་བརྐོས་གདན་གྱི་འཐག་རྩལ་ལག་རྩལ་གསར་དུ་བསྣན་པ་མ་ཟད། ཚོས་མདོག་སྣ་ཁ་ཁྲི་4ལྷག་ཙམ་ཟིན་པའི་ཚོས་མདོག་མཛོད་ཀྱི་མ་ལག་བཙུགས་པར་བརྟེན་གཞི་ཁྱོན་ཅན་དང་མངག་བཀོད་ཅན་གྱི་བཟོ་ལྟ་ལེགས་པ་དང་ཚོས་མདོག་ཕུན་སུམ་ཚོགས་པའི་འཕྲུལ་འཐག་ས་གདན་འཐག་ཐུབ་ཀྱི་ཡོད།

    རྒྱུན་འཛིན་དང་གསར་གཏོད་ཟམ་མི་ཆད་པར་བྱས་པར་བརྟེན་ད་ཆ་མཚོ་སྔོན་གྱི་སྲོལ་རྒྱུན་བོད་རུམ་ལག་རྩལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ལྟོ་ཕད་དང་འདོགས་ཕྲུག་ཙམ་མ་ཟད། ཐ་ན་ཕོར་གདན་བཏགས་ནས་དེང་རབས་འཚོ་བ་དང་སྔར་བས་མཉམ་འདྲེས་ཐུབ་ཡོད། ཁྲིད་སྦྱོང་འཁོར་ཁང་གི་ལག་ཤེས་སླས་འཐག་ནས་མི་ཐབས་རིག་ནུས་གྲངས་འཛིན་ཅན་གྱི་ཐོན་སྐྱེད་བར་སྲོལ་རྒྱུན་ལག་ཤེས་དང་སྔོན་ཐོན་ལག་རྩལ་མཉམ་འདྲེས་ཐུབ་སྟེ་བོད་རུམ་གྱི་རིན་ཐང་དེ་བས་ཆེ་རུ་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།