དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་རག་གི་བེ་ཏའི་ཁ་སུར་སྨིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-31

    ལས་མིས་བཏུས་མ་ཐག་པའི་བེ་ཏའི་ཁ་སུར་སྟོན་བཞིན་པ།

    ལས་མིས་སྡོང་པོ་ནས་བེ་ཏའི་ཁ་སུར་འཐུ་བཞིན་པ།

    ས་གནས་དེ་གའི་ཚོང་ཁང་དུ་འཚོང་བའི་བེ་ཏའི་ཁ་སུར་ཡིན་པ།

    (གོང་གི་པར་ཚང་མ་འདི་ག་ཚགས་པར་གྱི་དབུས་ཤར་ལྟེ་གནས་ཡན་ལག་ཁང་གི་དབྱི་ན་སི •དབྱི་པུའུ་ལ་ཤིན་གྱིས་པར་བརྒྱབ)

    ཉེ་ཆར་དབྱི་རག་གི་བེ་ཏའི་ཁ་སུར་འཐུ་བའི་དུས་ཚིགས་སུ་སླེབས་ཡོད། བེ་ཏའི་ཁ་སུར་ནི་རྒྱལ་ཁབ་དེའི་རྡོ་སྣུམ་ཕུད་པའི་ཕྱིར་གཏོང་གི་ཐོན་རྫས་ཆེ་གྲས་གཉིས་པ་དེ་ཡིན་པ་རེད། དབྱི་རག་ནི་དེ་སྔ་འཛམ་གླིང་ཐོག་བེ་ཏའི་ཁ་སུར་ཐོན་ཚད་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་རྒྱལ་ཡོངས་སུ་སྐབས་ཤིག་རིང་བེ་ཏའི་ཁ་སུར་གྱི་སྡོང་རྐང་ཁྲི་3000ལྷག་ཙམ་དང་བེ་ཏའི་ཁ་སུར་སྣ་ཁ་600ལྷག་ཙམ་ཡོད། དབྱི་རག་ཏུ་དམག་འཁྲུག་ལངས་པ་སོགས་ཀྱི་ཤུགས་རྐྱེན་དབང་གིས་བེ་ཏའི་ཁ་སུར་ཐོན་ཚད་ཉུང་དུ་ཤུགས་ཆེན་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། དབྱི་རག་སྲིད་གཞུང་གིས་ཐིགས་ཆུ་འདྲེན་པའི་ལག་རྩལ་ཁྱབ་གདལ་གཏོང་བ་དང་སོན་མཛོད་འཛུགས་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་བེ་ཏའི་ཁ་སུར་གྱི་ཐོན་ཚད་ཤུགས་ཆེར་བཏང་ཡོད། 2023ལོར་དབྱི་རག་གིས་བེ་ཏའི་ཁ་སུར་ཏུན་ཁྲི་65ཕྱིར་གཏོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།