དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐེ་ལན་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-31

    ལྟད་མོ་བས་ཀྲུང་དབྱང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕྲུལ་མི་དང་མཉམ་འགུལ་བྱེད་བཞིན་པ།

    ཀྲུང་གོའི་འགྲེམས་ཁུལ་ལ་ལྟད་མོ་བ་མང་པོས་ལྟ་སྐོར་དང་ཉམས་ལེན་བྱེད་བཞིན་པ།

    (པར་དེ་གཉིས་འདི་ག་ཚགས་པར་གྱི་གསར་འགོད་པ་པེ་ཡོན་ཆི་ཡིས་པར་བརྒྱབ)

    ཉིན་ཤས་གོང་། ཐེ་ལན་མཐོ་རིམ་སློབ་གསོ་དང་ཚན་ཞིབ་གསར་གཏོད་པུའུ་ཡིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཚན་རིག་ཚན་རྩལ་འགྲེམས་སྟོན་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་བྱས་པ་དང་འགྲེམས་སྟོན་དེ་ཚེས་17ཉིན་བར་བྱས་པ་རེད། འགྲེམས་སྟོན་ཐོག་ཚན་རིག་གི་བློ་སྒོ་འབྱེད་པ་དང་ཚན་རིག་འཚོལ་ཞིབ་སོགས་ཀྱི་འགྲེམས་པང་བཀོད་སྒྲིག་བྱས་ཡོད། ད་ལོའི་ཀྲུང་གོའི་འགྲེམས་ཁུལ་ནི་ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གིས་གཉེར་འགན་འཁུར་བ་དང་ཀྲུང་གོས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཐད་ཀྲུང་གོའི་ཚན་རྩལ་གསར་ཤོས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པར་ལྟད་མོ་བ་མང་པོས་ཉམས་ལེན་དང་ལྟ་སྐོར་བྱེད་པར་ཡོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།