དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་ཤེས་ལྡན་པའི་སྤྲོད་མཁོ་སྦྲེལ་མཐུད་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-31

    ཚེས་28ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཀྲུང་དབྱང་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《མཐོ་རིམ་སློབ་གསོའི་རིག་ཚན་གྱི་ཆེད་ལས་བཀོད་སྒྲིག་ལེགས་སྒྲིག་ལེགས་གཏོང་སྐོར་གྱི་བྱ་སྤྱོད་ཇུས་གཞི(2025—2027ལོ་བར)》བཀྲམ་ནས་རིག་ཚན་གྱི་ཆེད་ལས་བཀོད་སྒྲིག་ལེགས་སྒྲིག་ལེགས་གཏོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད།

    ཇུས་གཞིའི་ནང་བཏོན་དོན། འཕྲལ་མཁོ་ཆེ་བའི་རིག་ཚན་ཆེད་ལས་ཀྱི་འཆར་ཅན་མིན་པའི་བཀོད་སྒྲིག་བྱ་སྤྱོད་ལག་བསྟར་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་གྱི་ཐོན་ལས་སོགས་ལ་དམིགས་ནས་རིག་ཚན་གྱི་ཆེད་ལས་སྦྱོང་ས་ཁག་གཅིག་བཀོད་སྒྲིག་མགྱོགས་པོ་བྱེད་དགོས་པ་དང་། རྨང་གཞིའི་རིག་ཚན་གྱི་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱས་ཏེ་རིག་ཚན་རྩེ་གྲའི་ཕུལ་བྱུང་གསོ་སྦྱོང་བྱ་སྤྱོད་ཁྲོད་རྨང་གཞིའི་རིག་ཚན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། གསར་དར་རིག་ཚན་དང་སྣོལ་འདྲེས་རིག་ཚན་གྱི་སྐྱོང་གསོའི་བྱ་སྤྱོད་ལག་བསྟར་བྱས་ཏེ་དཔེ་སྟོན་རང་བཞིན་གྱི་རིག་ཚན་སྣོལ་འདྲེས་ལྟེ་གནས་ཁག་གཅིག་འཛུགས་དགོས་པ། བཅད་གྲངས་རིག་ཚན་གྱི་ཆེད་ལས་ལེགས་སྒྱུར་བྱ་སྤྱོད་ལག་བསྟར་བྱས་ཏེ་སྤྱི་ཚོགས་སུ་དགོས་མཁོ་མངོན་གསལ་དོད་པོ་མེད་པ་དང་། གསོ་སྐྱོང་གི་སྤུས་ཚད་ཆག་པ། སློབ་གཉེར་ཆ་རྐྱེན་མི་འདང་བ་བཅས་ཀྱི་རིག་ཚན་ཆེད་ལས་ལ་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་ཆབས་ཅིག་དག་ཐེར་གྱི་བླང་བྱ་ཡང་འདོན་པ། རིག་ཚན་གྱི་ཆེད་ལས་ནང་དོན་གསར་སྒྱུར་བྱ་སྤྱོད་ལག་བསྟར་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་རིམ་འཇུག་མགྱོགས་པོ་བྱེད་པ་དང་མི་ཐབས་རིག་ནུས་ཀྱིས་སློབ་གསོ་སློབ་ཁྲིད་ལ་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་དགོས་པ། རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་བཟོ་བཀོད་པ་ཆེ་མོའི་སློབ་གླིང་སོགས་ཤེས་ལྡན་པའི་གསོ་སྐྱོང་ལས་སྟེགས་གསར་པ་སྐྲུན་དགོས་པ་བཅས་རེད།

    ཇུས་གཞིའི་ནང་ཁ་གསལ་བཏོན་དོན། སྤྲོད་མཁོ་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་ཤེས་ལྡན་པའི་མཁོ་སྤྲོད་སྦྲེལ་མཐུད་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་སྐྲུན་དགོས། ལས་སྟེགས་ཀྱིས་སྡེ་ཚན་ཁག་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིའི་གྲངས་གཞིའི་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་སྤྱོད་བྱས་ནས་སྐབས་བསྟུན་མཁོ་སྤྲོད་ཀྱི་གྲངས་གཞི་ཆེན་པོའི་རྩད་བཤེར་དབྱེ་ཞིབ་དང་། སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་འདེགས་སྐྱོར། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་གདེང་འཇོག་ལ་ཞབས་འདེགས། རིག་ཚན་གྱི་ཆེད་ལས་ལ་བརྟག་དཔྱད་དང་སྔོན་ཚུད་བརྡ་གཏོང་། གྲུབ་ཆའི་བཀོད་པར་བརྟག་དཔྱད་དང་དབྱེ་ཞིབ། གཙོ་གནད་ཐོན་ལས་ཀྱི་ཤེས་ལྡན་པའི་དགོས་མཁོའི་སྔོན་དཔག་འཚོལ་ཞིབ་བཅས་བྱེད་ནུས་ཁག་6གཙོ་གནད་ཐོག་འཛུགས་དགོས། ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་དེའི་རྨང་གཞིའི་འཛུགས་སྐྲུན་དང་གྲངས་གཞིའི་བསྡུ་སྒྲིལ་ལས་དོན་ལེགས་གྲུབ་ཟིན་ནས་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།