དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས།

    སྐྱེ་ཁམས་ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-31

    འདི་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་སྒྱུར་ལྟ་འདོམས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་མཉམ་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་གིས་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ“མཉེན་གཤིས་དྲིལ་བསྒྲགས་སློབ་གསོ་དང་མཁྲེགས་གཤིས་ཁྲིམས་སྒྱུར”ཕྱོགས་སྟོན་དུ་བྱེད་པ་དང་། ཁྲིམས་སྒྱུར་དམག་སྦྱོང་ཆེ་མོའི་བྱེད་སྒོ་གོ་སྐབས་སུ་བྱེད་པ། བཅའ་ཁྲིམས་ཚད་གཞིར་འཛིན་པ་དང་དོན་དངོས་གཞི་འཛིན་སར་བྱེད་པ་མཐའ་འཁྱོངས་བཅས་བྱས་ཐོག་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་། ས་གནས་ས་ཐོག་ཏུ་ཞིབ་བཤེར། ཁྲིམས་སྒྱུར་བྱེད་ཞོར་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཁག་ལ་ལྟ་སྐུལ་རོགས་སྐྱོར་བྱས་ནས། ཁེ་ལས་དང་བྱ་གཞག་ཚན་པས(ཁེར་རྐྱང་ཚོང་དུད)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱེད་པར་ལྕག་སྐུལ་བྱས་པ་རེད། “དོ་དམ་ནན་པོ”དང“ཞབས་ཞུ་ཡག་པོ”ཟུང་འབྲེལ་བྱས་ནས“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྒོ་རྩར་བསྐྱོད་དེ་ཞབས་ཞུ་མཛུབ་ཁྲིད་དང་། ཁོར་ཡུག་སྲུང་སྐྱོང་ཤེས་བྱ་དམར་ཁྲིད། དམིགས་འཛུགས་སྐོང་འདྲི་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཁེ་ལས་ཁག་ལ་སྒྱུར་བཀོད་རིམ་སྤོར་དང་རང་འགུལ་ངང་སྦགས་བཙོག་བཅོས་སྒྲིག་བྱེད་རོགས་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་དང་། སྲིད་ཇུས་སྒྲོག་འགྲེལ། ཞབས་འདེགས་ཞུ་བ་བཅས་ཀྱི་བྱེད་སྒོ་དག་ཁྲིམས་སྒྱུར་ཞིབ་བཤེར་བྱེད་ཐེངས་རེ་རེའི་ནང་དོན་འཁྱོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།