དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་1.98 སྒྱུར་བཀོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-31

    གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་1.98སྒྱུར་བཀོད་བྱེད་འགོ་ཚུགས་ཤིང་། ས་ཁུལ་དབྱེ་ནས་བལྟས་ན། ཧོ་པེ་དང་། ལེའོ་ཉིང་། ཁྲུང་ཆིང་། ཨན་ཧུའེ། ཅང་སུའུ། ཧྲང་ཧའེ་སོགས་ཞིང་ཆེན་དྲུག་གི་ལས་འགོ་འཛུགས་ཚད་90%ལྷག་ཙམ་ཟིན་ཡོད་པ་རེད།

    ད་ལོ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.5སྒྱུར་བཀོད་བྱེད་རྩིས་ཡོད་ཅིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྡེ་ལས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། གློག་སྐས་གསར་པ་བསྒར་བ་དང་། རླངས་འཁོར་འཇོག་ས། གློག་གསོག་ས་སོགས་ཀྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱེད་པ། འཚོ་བའི་གད་སྙིགས་རིགས་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁུལ་ཆུང་གི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།