ནུབ་རླངས་ཤར་ཁྲིད་ཀྱི་ཀོའོ་ཙེ་རོང་མདོང་ལམ་ལས་གྲྭའི་ཕུག་ལམ་ཐོག་མ་ཏལ་འབིགས་ཐུབ་པ།
གསར་འགོད་པར་རྒྱལ་ཁབ་མདོང་དྲ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་27ཉིན། ཤིན་ཅང་དབྱི་ལིའི་ནུབ་རླངས་ཤར་ཁྲིད་ཀྱི་ལམ་ཐིག་གཉིས་པ་དང་གསུམ་པའི་ཀོའོ་ཙེ་རོང་གི་མདོང་ལམ་ལས་གྲྭའི་རི་ཁུལ་ཕུག་ལམ་ཐོག་མ་ཏལ་འབིགས་ཐུབ་ནས་ལས་རིགས་ཀྱི་ཟིན་ཐོ་མང་པོ་བཏོད་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭར་བར་ཐག་རིང་བའི་རི་ཁུལ་ཕུག་ལམ་བཞི་ལས་གྲུབ་པ་དེ་ནི་མིག་སྔར་རྒྱལ་ནང་གི་སྣུམ་རླངས་མདོང་ལམ་ཁྱབ་ཁོངས་སུ་བསྔོགས་པའི་གཏིང་ཚད་རིང་ཤོས་དང་། བཅད་ཁའི་རིང་ཐུང་ཆེ་ཤོས། ས་བབ་མཐོ་ཤོས། མཐོ་དམན་ཁྱད་པར་ཆེ་ཤོས་བཅས་ཀྱི་རི་ཁུལ་ཕུག་ལམ་གྱི་རྣམ་གྲངས་ཤིག་ཡིན་ལ། ཁྱབ་ཁོངས་དེའི་ཁྲོད་ས་ཡོམ་ཁུལ་གྱི་གས་སྲུབས་ས་རྒྱུད་བརྒྱུད་པའི་ཕུག་ལམ་རྣམ་གྲངས་ཐོག་མ་དེ་ཡང་ཡིན།
ད་ཐེངས་ཏལ་འབིགས་ཐུབ་པའི་ཕུག་ལམ་ཨང་དང་པོ་དེ་2024ལོའི་ཟླ་8པར་དངོས་སུ་སྔོག་པ་དང་ཆ་སྙོམས་ཟླ་རེར་སྨི་450བསྔོགས་ནས་མཐར་སྤྱི་ལེ་6གི་རི་ཁུལ་སྔོག་འདོན་ལེགས་སྒྲུབ་བྱ་རྒྱུ་རེད། ནུབ་རླངས་ཤར་ཁྲིད་ཀྱི་ལམ་ཐིག་གཉིས་པ་དང་གསུམ་པའི་ཀོའོ་ཙེ་རོང་གི་མདོང་ལམ་ལས་གྲྭ་སྔོན་དཔག་བྱས་ན་2027ལོའི་ཟླ་9པར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།