དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་གྱིས་ས་མཐོའི་མཚེའུ་གཙོ་བོའི་ཡན་ལག་ཆུ་ལམ་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-30

    གསར་འགོད་པར་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཡུན་ནན་ཞིང་ཆེན་གྱི་ས་མཐོའི་མཚེའུ་གཙོ་བོའི་ཡན་ལག་ཆུ་ལམ་སྲུང་སྐྱོང་སྲོལ་ཡིག》ད་ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། 《སྲོལ་ཡིག》གིས་ཆེད་དོན་ཁྲིམས་འཛུགས་བརྒྱུད་ཡན་ལག་ཆུ་ལམ་སྲུང་སྐྱོང་དོ་དམ་འགན་འཁྲིའི་ཁོངས་གཏོགས་སྔར་བས་ཁ་གསལ་བཟོ་བ་དང་བཅོས་སྐྱོང་གི་འགག་རྩའི་ལྷུ་ཚིགས་ཚད་ལྡན་དུ་བཏང་སྟེ། ས་མཐོའི་མཚེའུའི་སྲུང་སྐྱོང་ཐད“མཚེའུ་ནས་ཆུ་བོའི”འཁོར་འབྲེལ་ཧྲིལ་པོའི་ཁྲིམས་སྐྱོང་འགན་སྲུང་འཛུགས་པ་དང་། ཡུན་ནན་གྱི་ས་མཐོའི་མཚེའུ་གཙོ་བོ་བཅོས་སྐྱོང“9+1”གི་ཁྲིམས་སྲོལ་མ་ལག་བཙུགས་ནས་ཁྲིམས་ལྟར་མཚེའུ་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པར་མཚེའུ་བཅོས་སྐྱོང་། བརྒྱུད་རིམ་ལྡན་པའི་ངང་མཚེའུ་བཅོས་སྐྱོང་བཅས་ལ་ཁྲིམས་སྐྱོང་གི་འགན་སྲུང་བྱ་རྒྱུ་རེད།

    《སྲོལ་ཡིག》ནང་། ཡན་ལག་ཆུ་ལམ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པར་སྲུང་སྐྱོང་སྔོན་འཇོག་དང་། དོ་དམ་དང་ཚོད་འཛིན་ནན་པོ། གཏོགས་ཁོངས་དོ་དམ། ཕྱོགས་བསྡུས་བཅོས་སྐྱོང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས་པ་ཁ་གསལ་བཟོས་པ་དང་། ཡན་ལག་ཆུ་ལམ་ལ་དོ་དམ་དང་ཚོད་འཛིན་ནན་པོ་དང་རིགས་དབྱེ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཡན་ལག་ཆུ་ལམ་ལ་དོ་དམ་ཚོད་འཛིན་དང་སྲུང་སྐྱོང་གི་བྱེད་ཐབས་གསར་གཏོད་བྱེད་དགོས་པའི་ནང་ཡན་ལག་ཆུ་ལམ་གྱི་མིང་གཞུང་དོ་དམ་ལམ་ལུགས་འཛུགས་དགོས་པའི་བླང་བྱ་དང་། ཡན་ལག་ཆུ་ལམ་དོ་དམ་ཚོད་འཛིན་ཁྱབ་ཁོངས་ནང་གི་འཛུགས་སྐྲུན་དངོས་པོ་རིགས་དབྱེ་བཅོས་སྒྲིག་ཁ་གསལ་བཟོ་བ། ཡན་ལག་ཆུ་ལམ་དོ་དམ་ཚོད་འཛིན་གྱི་བཀག་སྡོམ་བྱེད་སྤྱོད་རིགས་11ཁ་གསལ་བཟོ་བ། “ས་འོག་ཆུར་ལྟ་ཞིབ་ཚད་ལེན་དང་། ཉེན་ཁའི་འབྱུང་ཁུངས་བཅོས་སྒྲིག འབབ་རྒྱུད་ཧྲིལ་པོར་དྲ་ཐོག་ནས་ལྟ་ཞིབ་ཚད་ལེན་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་འགོག་སྲུང་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ལེན་ཆོག་མཆན་དང་། རིན་དོད་ཡོད་པའི་བཀོལ་སྤྱོད། སྤྱི་འབོར་ཚོད་འཛིན་བཅས་ལམ་ལུགས་ཁྱབ་སྤེལ་གཏོང་བ་སོགས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།