ཉིང་ཞ་ཡིས་ཁྱད་ལྡན་ཡུལ་སྐོར་ལས་རྣམ་ཆེན་པོ་བརྒྱད་ནུས་ཤུགས་ཡོད་རྒུས་བཏོད་པ།
གསར་འགོད་པར་ཚེས་25ཉིན་འཚོགས་པའི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། ཉིང་ཞ་ཡིས“མདའ་ཐིག་གཅིག་དང་། བར་ཁྱམས་གཅིག ལྟེ་བ་གཅིག ཁུལ་གསུམ”བཅས་ཀྱི་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་པ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། དཀོན་པའི་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་ཐོན་ཁུངས་གསར་སྤེལ་ཞིབ་ཚགས་བྱས་ཏེ། ཁྱད་ལྡན་ཡུལ་སྐོར་ལས་རྣམ་ཆེན་པོ་བརྒྱད་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་2027ལོར། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1ལ་སྣེ་ལེན་ཞུ་རྒྱུ་རེད།
འདས་ཟིན་པའི་ལོ་5ཡི་རིང་། ཉིང་ཞ་ཡི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་རྒྱུན་མཐུད་འཕེལ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་ཡུལ་སྐོར་འགྲོ་སོང་ལོ་རེར་ཆ་སྙོམས་24.08%དང་40.23%འཕར་ཡོད། ཉིང་ཞ་ཡིས་ལས་རྣམ་གསར་གཏོད་དང་། གཙོ་རྒྱུ་བསྐྱར་འཛུགས། མ་དངུལ་བསྡུ་སྒྲིལ་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། དབྱིན་ཁྲོན་གྱི་ཧྥུང་ཧོང་འཕྲུལ་སྣང་གྲོང་ཁྱེར་དང་མན་ཕུའུ་གྲོང་རྡལ་ཆུང་ངུ་སོགས་མཚོན་བྱེད་དུ་བྱེད་པའི་ཡུལ་སྐོར་བྱ་ཡུལ་གསར་པ་བསྐྲུན་པ་དང་། གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དཔེ་སྟོན་ལས་གྲྭ་ལག་བསྟར། ཉིང་ཞའི་རྒྱལ་སྤྱིའི་རྒུན་ཆང་རིག་གནས་ཡུལ་སྐོར་དུས་ཆེན་ཐེངས་བཞི་བསྟུད་མར་གཉེར་བ། རྒུན་ཆང་གཞིས་ཀའི་རིགས་དང་འདྲེ་ཚེར་མའི་རིགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་24སྐྱེད་སྲིང་། “སྐར་མའི་ཕ་ཡུལ”གྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པ་བཅས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།