དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དོ་སྣང་ཆེན་པོ་བྱེད་པ།

    ཞི་བདེ་སྲུང་སྐྱོང་གི་ཆོད་སེམས་མངོན་པར་བྱས་ནས་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-30

    ཟླ་9ཚེས་3ཉིན་ཀྲུང་གོས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོག་རྒྱུ་ཡིན་པ་དང་། བྱེད་སྒོ་གལ་ཆེན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་ཏེ། དྲན་གསོའི་ཚོགས་ཆེན་ཐོག་ཀྲུང་གོས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་ནུས་ཤུགས་ཆེན་པོ་མངོན་པར་བྱས་ནས་ཀྲུང་གོ་མི་དམངས་ཀྱི་མི་རིགས་ཀྱི་སྤོབས་སེམས་དང་རྒྱལ་གཅེས་ཀྱི་སེམས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཉེ་ཆར། ཨུ་རུ་སུའི་ཤར་ཕྱོགས་སྨྱན་སྦྱོར་དྲ་བའི་ཐོག་འགོ་བརྗོད་དུ《རི་འགོག་དམག་འཁྲུག ཀྲུང་གོས་རི་པིན་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་བའི་བྱས་རྗེས》ཞེས་པའི་རྩོམ་ཡིག་སྤེལ་བའི་ནང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པས། རི་པིན་བཙན་འཛུལ་པ་རྩ་མེད་དུ་གཏོང་བར་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ཡོད། ཀྲུང་གོའི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་གྲུབ་པར་སྐུལ་འདེད་ཐེབས་པ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་མཐའ་མའི་རྒྱལ་ཁ་ལེན་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་འཁོད་པ་དང་། རྩོམ་ཡིག་ནང་ཀྲུང་གོའི་རི་འགོག་དམག་འཁྲུག་གིས་མི་རིགས་བཅིངས་འགྲོལ་དང་། རྒྱལ་ཁབ་རང་བཙན། འཛམ་གླིང་ཞི་བདེ་མངོན་འགྱུར་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། འཛམ་གླིང་དམག་ཆེན་གྱི་སྐྱོ་གར་བསྐྱར་དུ་མི་ཐོན་པའི་ཆེད་དུ། འཛམ་གླིང་ཡོངས་ཀྱིས་དམག་འཁྲུག་དེའི་ལོ་རྒྱུས་དང་དོན་སྙིང་བརྗེད་མི་རུང་ཞེས་ནན་བཤད་བྱས་ཡོད་པ་རེད།

    ཁེན་ནི་ཡའི་གཙོ་རྒྱུན་སྨྱན་སྦྱོར《སྐར་མའི་ཚགས་པར》ཐོག་དཔྱད་གཏམ་མཁན་གྱི་རྩོམ་ཡིག་སྤེལ་བའི་ནང་། དེ་བས་དོ་སྙོམས་དང་ཡངས་པའི་ལྟ་ཕྱོགས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་བསྐྱར་དུ་ཞིབ་ལྟ་བྱེད་དགོས་པ་མ་ཟད། ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དང་། དེ་བཞིན་དམག་འཁྲུག་དེའི་རྒྱལ་ཁ་ལེན་པར་མི་དམངས་ཀྱིས་ལེགས་སྐྱེས་ཆེན་པོ་ཕུལ་བར་གདེང་འཇོག་ཡང་དག་བྱེད་དགོས། “མི་ལ་ལས་ཀྲུང་གོ་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ནུས་པ་ཆུང་དུ་གཏོང་བའམ་ཡང་ན་འཁྱོག་བཤད་བྱ་རྒྱུའི་རེ་ངན་འཆང་བ་དང་། ཡང་ལ་ལས་བཙན་འཛུལ་བྱེད་མཁན་དེ་གནོད་འཚེ་ཕོག་མཁན་དུ་བརྩི་གི་ཡོད། དེ་དག་ཚང་མ་ནི་རང་སྲོག་བློས་བཏང་ནས་དམར་འཛིང་བྱེད་མཁན་དཔའ་བོ་དེ་དག་ལ་ཁྱད་གསོད་དམའ་འབེབས་བྱས་པ་ཞིག་རེད། གནས་ཚུལ་ཞིབ་ཕྲ་བརྗོད་པ་ཁག་གཅིག་ནང་། འཁོར་ལྟེའི་རྒྱལ་ཁབ་རེ་འགའ་ཡིས་དམག་འཁྲུག་གི་མཐའ་མའི་དུས་མཚམས་སུ་བརྒྱུད་མྱོང་བའི་དོན་དག་ཁོ་ནར་དོ་ཁུར་བྱེད་པ་ལས། ཁོང་ཚོས་བཙན་འཛུལ་དམག་འཁྲུག་བསླངས་པའི་འགན་འཁྲི་དང་དམག་འཁྲུག་གི་ནག་ཉེས་བསགས་པ་སྣང་མེད་དུ་གཏོང་གི་ཡོད། འཁྱོག་བཤད་བྱས་པའི་གནས་ཚུལ་ཞིབ་བརྗོད་དེ་རིགས་ཀྱིས་ཀྲུང་གོའི་མི་དམངས་ལ་འཕྲད་པའི་དཀའ་སྡུག་དང་ཁོང་ཚོས་དཔའ་ངར་ཞུམ་མེད་ངང་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་དྲང་བདེན་གྱི་ལུགས་མཐུན་རང་བཞིན་སྦས་གསང་བྱས་ཡོད”ཅེས་བརྗོད་པ་དང་། རྩོམ་ཡིག་ནང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བར་ལོ་རྒྱུས་བཟོ་བཅོས་རིང་ལུགས་དོར་ནས་ལོ་རྒྱུས་ཀྱི་དོན་དངོས་སླར་གསོ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    ཐུ་ནི་སིའི“འཐབ་ཇུས”གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོ་དང་ཐུ་ནི་སི་ནི་འཛམ་གླིང་དམག་ཆེན་གཉིས་པའི་གཡུལ་ས་གལ་ཆེན་ཞིག་ཡིན་པས། ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དཔའ་བོར་རྗེས་དྲན་ཞུས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་གྱིས་འཛམ་གླིང་ཞི་བདེ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།

    ལྷོ་ཨ་ཧྥེ་རི་ཁའི་རང་བཙན་ཁྱབ་སྤེལ་སྨྱན་སྦྱོར་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་བའི་ནང་། ཀྲུང་གོས་པར་རིས་འགྲེམས་སྟོན་དང་གློག་བརྙན་བསྟན་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བ་དང་འབྲེལ། ཟླ་9པའི་ཟླ་འགོར་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོག་རྒྱུ་རེད་ཅེས་འཁོད་ཡོད། རྩོམ་ཡིག་ནང“ལོ་རྒྱུས་ལ་དྲན་གསོ་བྱས་ན་མི་རྣམས་ཀྱིས་བསམ་གཞིག་གཏིང་ཟབ་བྱེད་པར་ཁྲིད་སྟོན་ཐུབ་པ་དང་། མི་རྣམས་ཀྱིས་ཞི་བདེར་བཅངས་པའི་ཡིད་སྨོན་སྐུལ་སློང་ཐུབ་པ། རྒྱལ་ཁབ་ཁག་མཐུན་སྒྲིལ་ཡོང་བར་སྐུལ་འདེད་ཐེབས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཞི་བདེའི་བྱ་གཞག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཐུབ། རྒྱལ་སྤྱིའི་དུས་བབ་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་པའི་མིག་སྔར། ང་ཚོས་ཞི་བདེའི་སྐད་ཆ་ཤོད་རེས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས”ཞེས་བརྗོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།