དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་དུ“བྱང་གསུམ”ལས་གྲྭ་དང་གཙོ་གནད་རྣམ་གྲངས་བརྟན་པོའི་ངང་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-30

    ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་བྱང་ཀྲོའུ་ཡིས་ནགས་ལས་རྩྭ་ཐང་རྣམ་གྲངས་ཁག་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.6དོན་འཁྱོལ་བྱས་ཤིང་། འཛུགས་སྐྲུན་ལས་འགན་ཁག་ལག་ལེན་བསྟར་བའི་དུས་རིམ་དེ་སྤྱིའི་དམིགས་ཚད་བླང་བྱ་དང་མཐུན་ཡོད། མཚོ་བྱང་ཀྲོའུ་ཡི“བྱང་གསུམ”ལས་གྲྭ་དང་གཙོ་གནད་རྣམ་གྲངས་བརྟན་པོའི་ངང་ལག་ལེན་བསྟར་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    མཚོ་བྱང་ཀྲོའུ་ཡིས་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་སླར་གསོ་ལྟེ་བར་བཟུང་སྟེ། “བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་སླར་གསོའི་ལས་གྲྭའི་རྣམ་གྲངས་ཁག་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། རིམ་ཁག་ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་མ་དངུལ་ལག་བསྟར་དང་ལས་འགན་ལེགས་སྒྲུབ་ཀྱི་དམིགས་ཚད་གཉིས་ལ་དམ་པོར་དམིགས་པ་དང་། 2024ལོའི་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་སྟེ་མ་དངུལ་གཏོང་སྤྲོད་བྱེད་ཚད་84%ཡན་ཟིན་ཡོད། 2025ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་རྣམ་གྲངས་ཁྲོད་གཙོ་གནད་ལས་གྲྭ་ཁག་གཉིས་ཀྱིས་ལས་གྲྭ་ཧྲིལ་པོའི་ལས་འགན་གྱི་90%ཡན་ལེགས་སྒྲུབ་ཟིན་པ་དང་། མ་དངུལ་གཏོང་སྤྲོད་བྱེད་ཚད་40%ཡན་ཟིན་ཡོད། གཙོ་གནད་རྣམ་གྲངས་ཁྲོད་མཚོ་སྔོན་པོ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་དང་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་དང་ཙོང་ཆུ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལ་ཀྲུང་དབྱང་དང་། ཞིང་ཆེན་རིམ་པ། དེ་བཞིན་རྫོང་རིམ་པ་བཅས་ཀྱི་ལྷན་སྦྱར་མ་དངུལ་ཚང་མ་དོན་ཐོག་ཏུ་འཁྱོལ་ཏེ། “ཀྲུང་དབྱང་གིས་ཁྲིད་སྟོན་དང་། ཞིང་ཆེན་རིམ་པས་སྤྱི་འདོམས། ས་གནས་ཀྱིས་མཐུན་སྦྱོར”བཅས་ཀྱི་མ་དངུལ་འགན་སྲུང་གི་རྣམ་པ་ཞིག་ཆགས་པ་དང་། རྣམ་གྲངས་ཀྱི་དུས་མཇུག་ཕན་འབྲས་འགན་ལེན་བྱ་ཆེད། ཀྲོའུ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། རྩྭ་ཐང་སླར་གསོའི་དུས་མཇུག་གཡོག་བྱེད་ཀྱི་མ་དངུལ་དེ་སྡེ་ཚན་གྱི་སྔོན་རྩིས་ནང་བཅུག་ཡོད་པ་རེད།

    “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་འགོ་ཚུགས་ཚུན། མཚོ་བྱང་ཀྲོའུ་ཡིས་འབད་བརྩོན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭའི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3.5བཏང་སྟེ། སྤྱི་ཆིང་1586.67གྱི་བྱེ་འཇགས་དང་། སྤྱི་ཆིང་2320ཡི་ཞན་འགྱུར་ནགས་ཚལ་སླར་གསོ། མུའུ་ཁྲི་6རི་རྒྱ་བསྡམས་ནས་ནགས་གསོ། སྨི་ཁྲི་20ཡི་ར་སྐོར་འགོག་གསོ། སྤྱི་ཆིང་ཁྲི་15.06གི་ཞན་འགྱུར་ན་ཁ་སླར་གསོ་བཅས་ལེགས་གྲུབ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།