དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྐྱེ་ལྡན་འདྲེ་ཚེར་མ་ཕྱིར་གཏོང་གི་འཕེལ་ཕྱོགས་བཟང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-30

    2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། ཚྭ་འདམ་གཤོངས་སའི་སྐྱེ་ལྡན་འདྲེ་ཚེར་མ་ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་1479.2ཟིན་པ་དེ་དུས་མཚུངས་ལས་34.8%འཕར་བ་དང་། ཐོན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་ཕྱིར་ཚོང་བྱས་པ། ཕྱིར་གཏོང་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མའི་ཕྱིར་གཏོང་བསྡོམས་འབོར་གྱི་90%ཡན་ཟིན་ཡོད།

    མིག་སྔར། ཞིང་ཆེན་ཡོངས་ལ་འདྲེ་ཚེར་མ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.01ཙམ་ཡོད་པའི་ནང་ལྗང་མདོག་སྐྱེ་ལྡན་འདྲེ་ཚེར་མ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.33ཟིན་པ་དང་། སྐྱེ་ལྡན་འདྲེ་ཚེར་མ་ལས་སྣོན་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་97.8%བཟུང་ནས་ཕྱིར་གཏོང་ཉོ་ཚོང་ལ་ཐོན་ནུས་དང་རྒྱུ་སྤུས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་ཟླ་8ཚེས་24ཉིན་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་འཚོགས་པའི་ཞིང་ཆེན་ཡོངས་ཀྱིས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་པའི་ངོས་ནས་མཚོ་སྔོན་གྱི་སྐྱེ་ལྡན་འདྲེ་ཚེར་མ་ཕྱིར་གཏོང་ཐད་མུ་མཐུད་འཕར་མྱུར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། 2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། ཚྭ་འདམ་གཤོངས་སའི་སྐྱེ་ལྡན་འདྲེ་ཚེར་མ་ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་1479.2ཟིན་པ་དེ་དུས་མཚུངས་ལས་34.8%འཕར་བ་དང་། ཐོན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་ཕྱིར་ཚོང་བྱས་པ། ཕྱིར་གཏོང་བྱེད་ཚད་དེ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མའི་ཕྱིར་གཏོང་བསྡོམས་འབོར་ཀྱི་90%ཡན་ཟིན་ནས། རྒྱལ་སྤྱིའི་ཁྲོམ་རར“མཚོ་སྔོན་ནས་ཐོན་པའི”སྐྱེ་ལྡན་འདྲེ་ཚེར་མའི་འགྲན་རྩོད་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

    མཚོ་སྔོན་གྱི་འདྲེ་ཚེར་མ་དེ་དམིགས་བསལ་གྱི་ས་མཐོའི་སྐྱེ་ཁམས་དང་། ས་བབ། རྒྱུ་སྤུས་བཅས་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མ་ཐོན་སྐྱེད་ཀྱི་ལྟེ་བའི་ཁུལ་དུ་གྱུར་ཡོད། མིག་སྔར། ཞིང་ཆེན་ཡོངས་ལ་འདྲེ་ཚེར་མ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.01ཙམ་ཡོད་པའི་ནང་ལྗང་མདོག་སྐྱེ་ལྡན་འདྲེ་ཚེར་མ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.33ཟིན་པ་དང་། སྐྱེ་ལྡན་འདྲེ་ཚེར་མ་ལས་སྣོན་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་97.8%བཟུང་ནས་ཕྱིར་གཏོང་ཉོ་ཚོང་ལ་ཐོན་ནུས་དང་རྒྱུ་སྤུས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཕྱིར་གཏོང་ཐབས་ལམ་ཐད། མཚོ་སྔོན་ཞིང་ཆེན་གྱིས“དྲ་ཕྱིར་ཉོ་ཚོང་དང་དྲ་ཐོག་ཚོང་དོན་ཟུང་དུ་འབྲེལ་བའི”ཕྱིར་གཏོང་མ་ལག་བཏོད་ཡོད། རྒྱལ་ཁབ་རིམ་པའི་ཚྭ་འདམ་གཤོངས་སའི་འདྲེ་ཚེར་མ་ཉོ་ཚོང་ལྟེ་གནས་ལ་བརྟེན་ནས། དྲ་ཐོག་ཚོང་དོན་ཐོན་ལས་གླིང་5དང་། རྫོང་རིམ་པའི་དྲ་ཚོང་གི་སྤྱི་པའི་ཞབས་ཞུའི་ལྟེ་གནས་7 གྲོང་གསེབ་ཀྱི་དྲ་ཚོང་ཞབས་ཞུའི་ས་ཚིགས་137བཅས་བསྡུ་སྒྲིལ་བྱས་པ་དང་དྲ་ཚོང་ཁེ་ལས་140ལྷག་ཙམ་གཅིག་སྡུད་བྱས་ཏེ་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་པའི་ཕྱིར་གཏོང་ཞབས་ཞུའི་དྲ་རྒྱ་གྲུབ་ཡོད། མཚོ་ནུབ་ཀྲོའུ་ཡིས་ད་དུང་རྒྱལ་ནང་དུ་ཚྭ་འདམ་གཞོང་སའི་དྲ་ཚོང་གི་དྲ་ཕྱིའི་ཉམས་ལེན་ཁང་40ལྷག་ཙམ་བཙུགས་ཏེ། “དྲ་ཕྱིར་འགྲེམས་སྟོན་དང་དྲ་ཐོག་མངག་ཉོའི”བྱེད་ཐབས་བརྒྱུད། ཕྱི་རྒྱལ་ཁྲོམ་ར་དང་འབྲེལ་མཐུད་ཐབས་ལམ་སྔར་བས་རྒྱ་སྐྱེད་བཏང་ནས་མཚོ་སྔོན་གྱི་འདྲེ་ཚེར་མ་དེ་བས་མང་བ་ཕྱིར་གཏོང་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།