དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-30

    ཚེས་28ཉིན། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 1965ལོར་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འགོ་ཚུགས་ཚུན། དམངས་སྤྱོད་མཁའ་འགྲུལ་བ་མི་རབས་མང་པོས་ངལ་བ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་བྱས་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་དང་། དམངས་འཚོ་ལེགས་གཏོང་། མཐའ་མཚམས་བརྟན་གཏོང་། ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྤྱོད་མཁའ་འགྲུལ་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ་མཁའ་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་60འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ཏེ་མཚན་སྙན་ལ་གཅེས་སྤྲས་དང་མུ་མཐུད་འབད་འཐབ་བྱེད་པ་དང་། བདེ་འཇགས་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བ། མཁའ་ལམ་དྲ་རྒྱ་ལེགས་གཏོང་དང་རྒྱ་སྐྱེད་བཅས་བྱས་ཏེ། དམའ་དབྱིངས་དཔལ་འབྱོར་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་ཁྱབ་ཁོངས་སུ་དམངས་སྤྱོད་མཁའ་འགྲུལ་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་མུ་མཐུད་བཏོན་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་དམངས་སྤྱོད་མཁའ་འགྲུལ་གྱི་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།