དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་འཚོཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-30

     ཚེས་26ཉིན། “དུས་བབ་གསར་པའི་གོ་ལ་ཧྲིལ་པོའི་འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་བཅོས་སྐྱོང་། ས་ཁུལ་དང་རྒྱལ་སྤྱིའི་འགན་འཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་འཚོགས་ཤིང་། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། སྤྱི་བདེ་པུའུ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་རིག་མཛོད་སློབ་གླིང་གི་འཐུས་མི། དེ་བཞིན་ཨ་རབ་མཉམ་འབྲེལ་མཚོ་དཔོན་རྒྱལ་ཁབ། ཨེ་ཅིབ། ཨུ་རུ་སུ། ཨ་ཧྥེ་རི་ཁའི་མནའ་འབྲེལ་སོགས་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་གྱིས་སྒྲིག་འཛུགས་བྱས་པའི་སྐུ་མགྲོན་བརྒྱ་ཙམ་འགོ་ཚུགས་མཛད་སྒོ་དང་། ཡན་ལག་གླེང་སྟེགས། དེ་བཞིན་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།

    ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་གནང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་བསམ་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་ནས། འཇིགས་སྐུལ་རིང་ལུགས་འབྱུང་རྐྱེན་མེད་པར་བཟོ་བ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ལག་ལེན་བསྟར་བ། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཀྱི་འཐབ་ཕྱོགས་བརྟན་དུ་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་བ། འཇིགས་སྐུལ་རིང་ལུགས་ཀྱི་བསམ་བློའི་འབྱུང་རྩ་མེད་པར་བཟོ་བ། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་མཐུན་སྦྱོར་ནུས་པར་སྲུང་སྐྱོང་དང་དེར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་ཡག་པོ་སྤྱད་དེ་མཉམ་ལས་བྱེད་པ། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་འགྲན་སློང་གསར་པར་ཁ་གཏད་གཅོག་པ་བཅས་བྱས་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་ཕྱོགས་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས།

    ཚོགས་ཞུགས་ཕྱོགས་ཁག་གིས་མིག་སྔའི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྒོ་ཐོན་མང་བའི་དུས་སྐབས་སུ་སླེབས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་གནོད་འཚེ་བཟོ་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་ཁག་གིས། རྒྱལ་ཁབ་ཁག་ཚང་མས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་ཏན་ཏིག་ཁུར་ནས། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ཤིན་ཅང་གི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཕྱོགས་བསྡུས་ཇུས་འདོན་དང་རྩ་ལག་མཉམ་བཅོས་ཀྱི་ཉམས་མྱོང་དང་བྱེད་སྟངས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད་ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།