དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ལམ་སྲོལ་གསར་པ་འཛུགས་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-30

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་སྐོར་གྱི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲངས་འཛིན་གྱི་ཧེ་བག་སེལ་ཆེད། “མི་ཐབས་རིག་ནུས་རང་རྐྱ་འཕེར་བའི་རྒྱལ་སྤྱིའི་ཚན་རིག་ཚོགས་ཆུང”དང“མི་ཐབས་རིག་ནུས་བཅོས་སྐྱོང་གི་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས”ལམ་སྲོལ་འཛུཌ་རྒྱུའི་ཐག་བཅད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཉིན་དེ་རང་ལ་གྲོས་འཆམ་བྱུང་བའི《མི་ཐབས་རིག་ནུས་རང་རྐྱ་འཕེར་བའི་རྒྱལ་སྤྱིའི་ཚན་རིག་ཚོགས་ཆུང་དང་མི་ཐབས་རིག་ནུས་བཅོས་སྐྱོང་གི་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས་ཀྱི་འགན་དབང་ཁྱབ་ཁོངས་དང་། འཛུགས་སྐྱོང་། དེ་བཞིན་གཉེར་སྐྱོང་བྱེད་སྟངས》ཀྱི་གྲོས་ཆོད་གཞིར་བཟུང་། མི་ཐབས་རིག་ནུས་ཀྱི་ཉེན་ཁ་དང་། གོ་སྐབས། ཤུགས་རྐྱེན་བཅས་ལ་དཔྱད་དཔོག་བྱ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིགས་གཅིག་མཁས་ཅན་40ལས་གྲུབ་པའི་ཚོགས་ཆུང་ཞིག་འཛུཌ་རྒྱུ་རེད།

    “རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”ཚབ་ཞུས་ནས་གཏམ་བཤད་སྤེལ་མཁན་དབྱི་རག་གི་འཐུས་མིས། གལ་སྲིད་འགན་འཁྲི་འཁུར་བ་དང་བསྟུན་མཁས་ཀྱི་རྣམ་པའི་ཐོག་ནས་མི་ཐབས་རིག་ནུས་བཀོད་སྒྲིག་བྱེད་པ་དང་འབྲེལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུས་ཚེ། མི་ཐབས་རིག་ནུས་ཀྱིས་སྤྱི་པའི་ཞབས་ཞུ་དང་། སློབ་གསོ། འཕྲོད་བསྟེན། གྲངས་འཛིན་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་བ་དང་། དུས་མཚུངས་སུ་2030ལོའི་གྲོས་རིམ་མངོན་འགྱུར་མགྱོགས་སུ་གཏོང་ཐུབ་རེ་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་མི་ཐབས་རིག་ནུས་བཅོས་སྐྱོང་གི་འབྱུང་འགྱུར་གཏོད་པའི་ལས་དོན་ནང་ཧུར་ཐག་ཞུགས་སུ་འཇུག་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། བརྒྱུད་རིམ་དེའི་ཁྲོད་ངེས་པར་དུ་བདག་དབང་དང་། དྲང་གཞག ཕྱི་གསལ་ནང་གསལ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས་ཞེས་བརྗོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།