ཀྲུང་གོའི་ཁེ་ལས་ཀྱིས་ཆི་ལིའི་ལྕགས་ལམ་བསྐྲུན་རྒྱུའི་རྣམ་གྲངས་ལ་གན་རྒྱ་བཞག་པ།
རྒྱལ་ས་སན་ཐེ་ཡ་ཀོ་ནས་གནས་ཚུལ་སྤེལ་བར། ཚེས་25ཉིན་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གྱིས་སྐྲུན་འགན་འཁུར་བའི་ཆི་ལི་པཱ་ཐུ་ཁོ་ལྕགས་ལམ་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་ཆི་ལི་ཡི་སན་ཐེ་ཡ་ཀོ་རྒྱལ་སའི་ཁུལ་ཆེན་ལུན་ཁཱ་གྲོང་ཁྱེར་དུ་འཚོཌ་པ་རེད།
པཱ་ཐུ་ཁོ་ལྕགས་ལམ་རྣམ་གྲངས་ཀྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་24ཟིན་པ་དང་། ད་ཐེངས་གན་རྒྱ་བཞག་པའི་ནང་དོན་ཁོངས་སུ་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་དང་། མེ་འཁོར་འབབ་ཚུགས་6 ལྕགས་ལམ་ཟམ་པ་6སོགས་ཀྱི་གསར་སྐྲུན་རྣམ་གྲངས་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།