དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-30

     ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། སྤྲོ་སེམས་དེ་བས་ཆེན་པོས་བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པ་དང་། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་བཏང་ནས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུའོ་མོང་ཝུའེ་ཡིས། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སློབ་ཁྲིད་ནང་མཉམ་འདྲེས་ཡག་པོ་བྱས་ནས། གསོན་ཉམས་དོད་པའི་གཏམ་རྒྱུད་རེ་རེ་དང་ཞིབ་ཕྲའི་གྲངས་གཞི་རེ་རེ་སྤྱད་དེ་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཀྱི་ཡིན”ཞེས་དང་། སློབ་གསོས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་གི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད་པས། ངེས་པར་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བསམ་བློ་ཆབ་སྲིད་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ལ་ཁྲིད་སྟོན་བྱས་ཐོག བྱ་སྤྱོད་དངོས་ལ་བརྟེན་ནས་ལས་འགན་དང་འགན་འཁྲི་ཁུར་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    མཛོ་སྒང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཧོང་ཁོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཚན་རིག་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་ཞིང་། མཛོ་སྒང་རྫོང་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བས་འབྲེལ་ཡོད་ལས་དོན་གྱི་བྱ་ཐབས་སྔར་བས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་ཡོད། ལྷ་རྩེ་རྫོང་ནི་གེགས་རྗེས་བསྐྱར་སྐྲུན་གྱི་གཙོ་གནད་ས་ཁོངས་ཀྱི་གྲས་ཤིག་ཡིན་པ་དང་མིག་སྔར་རྫོང་ཡོངས་ཀྱི་བསྐྱར་སྐྲུན་དུད་ཚང་6600ལྷག་ཙམ་གྱི་སྡོད་ཁང་བསྐྱར་སྐྲུན་ལས་གྲྭ་གཙོ་བོ་90%ཙམ་ལེགས་སྒྲུབ་ཟིན་ཡོད། ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་སྤེན་པ་ནོར་རྒྱས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་དང་ཐུགས་ཁྲལ་གནང་བ་དེས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་ཁུར་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་མྱུར་ཚད་དང་། སྤུས་ཚད། བདེ་འཇགས་བཅས་ལ་དམ་འཛིན་བྱས་ཏེ་ལྷུ་ཚིགས་ཚང་མར་ཚོད་འཛིན་ནན་པོས་བསྐྱར་སྐྲུན་ལས་གྲྭས་དུས་ཚོད་ཀྱི་ཚོད་བགམ་ཐེག་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་ཆེན་འདི་ཡག་པོ་དང་ཏན་ཏིག་བསྒྲུབས་ནས་མང་ཚོགས་སྔ་ཙམ་ཁྱིམ་གཞིས་གསར་པར་སྤོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།