དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་13གྱི་གཞོན་ནུའི་འཐུས་མིས་དོ་ཁུར་དང་ཞིབ་འཇུག་བྱས་པའི་སོ་ནམ་རིག་གནས་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-29

    འདི་ནི་བྷང་ག་ལའི་གཞོན་ནུ་སཱ་ཅིར་·མུའུ་ཧན་མོ་ཏེས་ཁམ་བུའི་སྐྱེ་འཚར་ལ་ལྟ་བཞིན་པ།

    འདི་ནི་རྒྱལ་ཁབ་ཁག་གི་གཞོན་ནུའི་འཐུས་མི་ཅིན་ཧྲན་ཆུས་ལུའུ་ཤང་གྲོང་རྡལ་དུ་ཁྱད་ལྡན་ཞིང་ལས་བྱེད་སྒོར་ཞུགས་བཞིན་པ།

    ཉིན་ཤས་གོང་། ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲན་ཆུས་ལུའུ་ཤང་གྲོང་རྡལ་གྱི་ཁམ་བུའི་ལྡུམ་རར་གཞོན་ནུ་ཚོར་དབང་བའི“ཁམ་བུའི་སྟོན་མོ”བཤམས་ཤིང་། རྒྱལ་ཁབ་13གྱི་གཞོན་ནུའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(FAO)ཀྱི་དཔོན་རིགས་དང་ཞིང་ལས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་མཉམ་དུ་དེ་གར་འཛོམས་ནས“ཞིང་ལས་ཤུལ་བཞག་གི་བྱ་སྤྱོད། གོ་ལ་ཧྲིལ་པོའི་རིག་གནས་མཉམ་སྤྱོད”ཅེས་པའི་བྱེད་སྒོར་ཞུགས་པ་རེད། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ཅིན་ཧྲན་ཁམ་བུའི་ལྡུམ་རར་རྒྱལ་ཁབ་ཁག་གི་གཞོན་ནུའི་འཐུས་མིས་ལོ་སིའི་གནའ་བོའི་ཇ་ཤིང་དང་། མོང་གོལ་གྱི་འོ་ཇ། ཀྲུང་གོའི་ཀྲེ་ཅང་ཤན་ཅུས་ཀྱི་ཤིང་འབྲས་དབྱང་མེ་སོགས་ཞིང་ལས་ཤུལ་བཞག་གི་གཏམ་རྒྱུད་བཤད་ནས་ལང་ཚོའི་གསར་གཏོད་ལ་བརྟེན་ཏེ་གནའ་བོའི་ཞིང་ལས་ཤུལ་བཞག་ལ་གསོན་ཤུགས་གསར་པ་བསྣན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།