ཀྲུང་གུང་སྐུ་ཚབ་ཚོགས་པས་ཐ་ཇིག་སི་ཐན་ལ་འཚམས་འདྲི་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དུ་ཤང་པེ་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཐ་ཇིག་སི་ཐན་མི་དམངས་དམངས་གཙོ་ཏང་གི་གདན་ཞུས་ལྟར། ཟླ་8ཚེས་25དང་ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཐ་ཇིག་སི་ཐན་ལ་འཚམས་འདྲི་གནང་ཞིང་། དེའི་རིང་ཐ་ཇིག་སི་ཐན་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་དབྱི་ཀྲང་གཞོན་པ་དང་པོ་ཧྲའོ་ཤིས་ཡུང་དང་མི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་ཁཱ་ལི་མུའུ་ཙོ་ཏཱ་སོགས་དང་མཇལ་འཛོམས་གནང་བ་དང་འབྲེལ། ཐ་ཇིག་སི་ཐན་གྱི་ལས་རིགས་ཁག་ལ་ཕྱོགས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུར་ཞུགས་པ་དང་། ལུའུ་པན་བཟོ་ཁང་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པའི་གྲུབ་འབྲས་དོན་འཁྱོལ་དང་། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཏང་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་ཐད་ཐ་ཇིག་སི་ཐན་ཕྱོགས་དང་སྤེལ་རེས་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།