ཀྲུང་ཨུ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་དུས་མཚམས་གཉིས་པའི་ཚོགས་འདུ་པེ་ཅིང་དུ་འཚོཌ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་26ཉིན་གྱི་སྔ་དྲོར། ཀྲུང་ཨུ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་དུས་མཚམས་གཉིས་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཕྱོགས་གཉིས་པོས་ཁྲིམས་སྐྱོང་བྱེད་སྟངས་ཐོག་ནས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ། མ་འཇོག་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་དར་སྤེལ་གཏོང་བ། མི་ཆོས་རིག་གནས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ། ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་ཧུར་ཐག་འདོན་པ་དང་། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུཌ་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ལུགས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།