རྒྱལ་ཡོངས་སུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་འགག་སྒོ་311ཟིན་པ།
འདི་ནི་ཟླ་8ཚེས་24ཉིན་པར་བླངས་པའི་ཨན་ཧུའེ་ཝུའུ་ཧུའུ་གྲུ་ཁ་འགག་སྒོའི་ཀྲུའུ་ཅ་ཆའོ་རྒྱལ་སྤྱིའི་ཚད་ལྡན་དོས་སྒམ་གྲུ་ཁ་ཡིན་པ།
གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། རང་རྒྱལ་དུ་འགག་སྒོ་40གསར་སྣོན་དང་སྒོ་དབྱེ་རྒྱ་ཆེར་བཏང་བས། ད་ཆ་བསྡོམས་འབོར་311ཟིན་ཏེ་སྐམ་མཚོ་མཁའ་གསུམ་གཞི་གཅིག་ཅན་དང་ཤར་དབུས་ནུབ་བཅས་ཀུན་ཁྱབ་ཀྱི་སྒོ་དབྱེའི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་སྟེ“འགག་སྒོ་གོ་ལ་ཧྲིལ་པོ་དང་འབྲེལ་མཐུད་དང་དངོས་ཟོག་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང”ཐུབ་ཡོད།
འགག་སྒོ་སྤྱི་ཁྱབ་ཧྲུའུ་ཏང་ཨུད་ཀྱི་ཨུ་ཡོན་དང་གཞུང་དོན་ཐིང་གི་ཀྲུའུ་རེན་ཀྲང་པའོ་ཧྥུང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི“ཤར་དབུས་ནུབ་མཐུན་སྦྱོར་དང་སྐམ་མཚོ་མཁའ་མཉམ་འགུལ”གྱི་འགག་སྒོའི་བཀོད་པ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། འགག་སྒོ་63ཡིས་རིག་ནུས་འགག་སྒོའི་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་བྱས་ཏེ། འགག་སྒོའི་ཤར་གཏོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། 2024ལོར་མཚོ་ཐོག་སྐྱེལ་འདྲེན་འགག་སྒོ་ནས་དངོས་ཟོག་ཏུན་དུང་ཕྱུར་43ལྷག་ཕྱིར་གཏོང་ནང་འདྲེན་བྱས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བཅུ་ཆ་གཅིག་འཕར་བ་དང་། མཁའ་འགྲུལ་འགག་སྒོའི་འཕར་ཚད་17%ལྷག་ཟིན་པ། སྐམ་སའི་འགག་སྒོའི་འཕར་ཚད་19%ལྷག་ཟིན་ཡོད། སྟབས་བདེ་དང་ཤར་བགྲོད་ཀྱི་འགག་སྒོའི་བགྲོད་ལམ་གྱིས“ཀྲུང་གོའི་བཟོ་སྐྲུན”འཛམ་གླིང་ཐོག་མགྱོགས་མྱུར་བསྐྱོད་ཡོད་ལ། “འཛམ་གླིང་གི་དངོས་ཟོག་ཡག་པོ”དེ་བས་མང་བ་མྱུར་དུ་ཀྲུང་གོའི་ཁྲོམ་རར་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།