ས་ཁོངས་ཧྲིལ་པོའི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།
འདི་ནི་ཟླ་8ཚེས་27ཉིན་པར་བླངས་པའི་ཧུང་ཤིང་ཆའོ་གྲོང་རྡལ་སུང་ཀའོ་གྲོང་ཚོའི་ས་ཁོངས་ཧྲིལ་པོའི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བྱས་རྗེས་ཀྱི“མུའུ་སྟོང་ཟིན་པའི་གླིང”གི་ཡུག་སྦྲེལ་འབྲས་ཞིང་ཡིན་པ།
འདི་ནི་ཟླ་8ཚེས་27ཉིན། ཡུལ་སྐོར་བས་ཧུང་ཤིང་ཆའོ་གྲོང་རྡལ་ཁྲང་ཤིང་ཤོན་ལེ་ཧྲི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་རྒུན་འབྲུམ་དྲོད་ཁང་ཆེ་མོར་རྒུན་འབྲུམ་འཐུ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིང་རྫོང་ཧུང་ཤིང་ཆའོ་གྲོང་རྡལ་གྱིས་ས་ཁོངས་ཧྲིལ་པོའི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་བརྒྱུད། རྨོ་ཞིང་མུའུ་3789གསར་དུ་སྦོལ་བ་དང་ས་ཞིང་མུའུ་ཁྲི་1ལྷག་ཙམ་ལ་ལེགས་བཅོས་བྱས་པར་གཞི་ཁྱོན་ཆེ་བའི་གཅིག་སྡུད་ཡུག་སྦྲེལ་གྱི་ཞིང་ཁ“མུའུ་སྟོང་ཟིན་པའི་གླིང”16དང“མུའུ་བརྒྱ་ཟིན་པའི་གླིང”3ཆགས་པ་དང་། “བརྒྱ་སྟོང་ཁྲི”ཡི་ཡུན་གནས་གཞི་རྩའི་ས་ཞིང་བཅོས་སྒྲིག་རྣམ་གྲངས་3ལ་ཀྲེ་ཅང་ཞིང་ཆེན་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་འབྲུ་རིགས་ཐོན་འབབ་མང་དུ་ཤུགས་ཆེན་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།