དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོཌ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-29

    ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་8ཚེས་20ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་སྐབས་གསུང་བཤད་གལ་ཆེན་གནང་སྟེ། ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་དང་། གངས་ལྗོངས་ས་མཐོར་བྱུང་བའི་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་སྔར་བས་ནན་བཤད་གནང་ནས་བོད་ཀྱི་ལས་དོན་གྱི་ལས་འགན་གཙོ་བོ་ཁ་གསལ་བཏོན་གནང་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་གསལ་སྟོན་དང་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་རྨང་གཞིའི་འགན་ལེན་ཡག་པོ་བྱས་ཏེ་བོད་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བརྗིད་ཆེའི་འཆར་གཞི་བཀོད་གནང་བ་མ་ཟད། སྟོབས་ཤུགས་ཆེན་པོའང་བསྣན་གནང་ཡོད་ཅེས་གསུངས།

    ལའེ་ཅའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་ཏེ“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་རང་རྟོགས་སུ་ཏན་ཏིག་འགྱུར་བ་དང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བཅས་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། རྩ་འཛུགས་ཀྱི་ལམ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས“1+6+1”རྩ་འཛུགས་ཀྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་བྱ་གཞག་ལ་སྐུལ་འདེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ཁྲོད་འགན་ནུས་ལེགས་པར་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་གཟབ་བཞེས་དང་མངགས་བཅོལ་ཟབ་མོ་གནང་ལུགས་རྩ་འཛུགས་ཀྱི་ལས་དོན་ཧྲིལ་པོ་དང་ཕྱོགས་ཁག་ནང་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱས་ཏེ། “ཀྲུང་ཧྭ་མི་རིཌ་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་རྒྱུར”རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།