དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཀྲོའུ་ཡི་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་ཚོང་དུད་ཁྲི་400ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-28

    ཉེ་དུས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་ཚོང་དུད་ཁྲི་400ལས་བརྒལ་བ་རེད། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། ཀོང་ཀྲོའུ་རུ་གསར་དུ་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་ཁྲི་54.84ཟིན་པ་དེ་དུས་མཚུངས་ལས་57.3%འཕར་ཡོད།

    ཉེ་བའི་ལོ་ཤས་རིང་། ཀོང་ཀྲོའུ་ཡིས་ཐོན་ལས་མཐུན་འཕྲོད་ཅན་དང་། ཁེ་ལས་མཐུན་འཕྲོད་ཅན། ཁེ་ལས་མཁས་པ་མཐུན་འཕྲོད་ཅན་བཅས་ཀྱི་གཉེར་སྐྱོང་ཁོར་ཡུག་བཏོད་ཅིང་། ཚོང་དོན་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་ལག་ལེན་བསྟར་བ་ནས། ཁེ་ལས་ལ“དྲ་གཅིག་ཀུན་སྒྲུབ་དང་། སྐར་ཁུང་གཅིག་ལེན”བྱ་ཐབས་ལག་ལེན་བསྟར་བ། དེ་ནས་རིག་ནུས་ཞབས་ཞུ་ཀུན་ལ་ཁྱབ་པར་བྱས་པ་བཅས་ཀྱི་བར། སྲིད་དོན་ཞབས་ཞུ་རྒྱུན་མཐུད་སྟབས་བདེ་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། རིག་ནུས་སྲིད་དོན་ཞབས་ཞུའི་བྱ་རིམ་ཆུང་གྲས་བརྒྱུད། ཁེ་ལས་ཀྱིས་ཚོང་གཉེར་ལག་ཁྱེར་གཉེར་བའི་དུས་ཚོད་དེ་སྔོན་གྱི་ལས་སྒྲུབ་ཉིན་མོ་20ནས་ད་ཆའི་སྐར་མ་10ཡི་བར་ཐུང་དུ་ཕྱིན་ཡོད་ཅིང་། དྲ་ཐོག་རེ་ཞུ་སྒྲུབ་གཉེར་ཐུབ་ཚད་99%ཟིན་ཡོད། ཁེ་ལས་ཀྱི་མིང་དང་། གཉེར་སྐྱོང་བྱ་ཡུལ། གཉེར་སྐྱོང་ཁྱབ་ཁོངས་བཅས་ཐོ་འགོད་བྱེད་པའི་ཆ་རྐྱེན་རྒྱུན་མཐུད་ལྷུག་ཏུ་ཕྱིན་ཞིང་། སྔོན་ལ་ལག་ཁྱེར་རེ་ཞུ་དང་དེ་ནས་འབྲེལ་ཡོད་འཁྲོལ་འཛིན་གཉེར་བ། ལག་ཁྱེར་དང་འཁྲོལ་འཛིན་ལོགས་སུ་དབྱེ་བ། ལག་ཁྱེར་དང་འཁྲོལ་འཛིན་མཉམ་དུ་བཟོ་བ་སོགས་ཀྱི་བྱ་ཐབས་ཀྱིས“ཞུགས་མཆན་ཐོབ་ཀྱང་གཉེར་སྐྱོང་བྱེད་མི་ཆོག་པའི”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པས། ཁེ་ལས་ཀྱིས་སྒྱུར་བཅོས་དང་། ཐོ་བསུབ། གནས་སྤོ། “ཁེར་རྐྱང་བཟོ་ཚོང་ནས་ཁེ་ལས་སུ་སྒྱུར་བ”སོགས་ཀྱི་ལས་སྒོ་གཉེར་བར་སྟབས་བདེ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།