དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན”ཞེས་པའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་དུ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-28

    ཟླ་8ཚེས་25ཉིན་གྱི་སྔ་དྲོར། རིག་གནས་དང་ཡུལ་སྐོར་པུའུ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན——ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རི་མོའི་བརྩམས་ཆོས་འགྲེམས་སྟོན”ཀྲུང་གོ་མཛེས་རྩལ་ཁང་དུ་གཉེར་ཞིང་། མཛེས་རྩལ་ཁང་དང་། ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་། ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་སོགས་ཀྱི་ཚན་པས་ཉར་ཚགས་བྱས་པ་དང་གསར་དུ་བརྩམས་པའི་བརྩམས་ཆོས་ཁྱོན་བསྡོམས་300ལྷག་ཙམ་འགྲེམས་སྟོན་བྱས་པ་དེའི་ནང་ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་། སྣུམ་ཚོན་རི་མོ། བརྐོས་རིས། འཇིམ་རྐོས། ཆུ་ཚོན་སོགས་ཀྱི་སྒྱུ་རྩལ་སྣ་མང་ཚུད་ཡོད།

    འགྲེམས་སྟོན་དེ་གླེང་གཞི་དང་། རྒྱལ་ཁབ་ལ་དཀའ་ཉེན་འཕྲད་པ། ཁྲག་བཏོན་དམར་འཛིང་། རླབས་ཆེན་གྱི་རྒྱལ་ཁ། བསྐྱར་དར་ཕྱོགས་སུ་བསྐྱོད་པ་བཅས་ལེའུ་ལྔ་རུ་ཕྱེ་ཡོད། གླེང་གཞིའི་ལེའུ་ནང་། 《ང་རོ་སྒྲོགས། ཀྲུང་གོ》སོགས་མཛེས་རྩལ་བརྩམས་ཆོས་ཕུལ་བྱུང་ཁག་གཅིག་ལས་ཀྲུང་གོའི་མི་དམངས་ཀྱི་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་གཅིག་སྡུད་ཐོག་མངོན་ཡོད། མཇུག་གི་ལེའུ་བཞི་ཡིས་ལོ་བཅུ་བཞི་ཡི་རིང་གི་དཀའ་སྤྱད་ཚད་མེད་ཀྱི་རི་འགོག་དམག་འཁྲུག་གི་བརྒྱུད་རིམ་དང་དེ་བཞིན་དུས་རབས་གསར་པའི་བརྗིད་ཉམས་ལྡན་པའི་རྣམ་པ་ཕྱོགས་ཡོངས་ནས་བསྟན་ཏེ། ཀྲུང་གོའི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་མངོན་ནས། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།