རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྨི་6000རིམ་པའི་མཚོ་གཏིང་གི་མི་མེད་རྒྱང་གཅུན་ཆུར་འཛུལ་ཡོ་ཆས་ཀྱིས་ལྷོ་རྒྱ་མཚོར་མཚོ་གཏིང་གི་ཚོད་ལྟ་ཐོག་མ་ལེགས་སྒྲུབ་བྱས་པ།
འདི་ནི་ཟླ་8ཚེས་23ཉིན་གྱི་ཞོགས་པར་པར་བརྒྱབ་པའི“ཧའེ་ཆིན”རྟགས་ཅན་རྒྱ་མཚོ་ནས་འདོན་བཞིན་པའི་རྣམ་པ་ཡིན་པ།
ཉེ་ཆར། ལྷོ་རྒྱ་མཚོའི་ཀྲུང་ཧྲ་མཚོ་ཁོངས་སུ་གནས་པའི“ཀྲུང་ཧྲན་སློབ་ཆེན”རྟགས་ཅན་གྱི་རྒྱ་མཚོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དངོས་སྦྱོང་གྲུ་གཟིངས་ཐོག རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྨི་6000རིམ་པའི་མཚོ་གཏིང་གི་མི་མེད་རྒྱང་གཅུན་ཆུར་འཛུལ་ཡོ་ཆས“ཧའེ་ཆིན”རྟགས་ཅན་གྱིས་མཚོ་གཏིང་གི་ཚོད་ལྟ་ཐོག་མ་ལེགས་སྒྲུབ་བྱས་ནས། འཕྲུལ་འཁོར་ཧྲིལ་པོའི་མ་ལག་གི་བྱེད་ནུས་དང་ནུས་པ་གཙོ་བོའི་དམིགས་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ཧའེ་ཆིན”རྟགས་ཅན་ནི་མཚོ་གཏིང་གི་རྟོག་ཞིབ་ཚད་ལེན་གྱི་ཁོར་ཡུག་ལ་དམིགས་ནས“ཀྲུང་ཧྲན་སློབ་ཆེན”རྟགས་ཅན་གྱི་རྒྱ་མཚོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དངོས་སྦྱོང་གྲུ་གཟིངས་ལ་ཆེད་དུ་བཟོས་པའི་མི་མེད་རྒྱང་གཅུན་ཆུར་འཛུལ་ཡོ་ཆས་ཤིག་ཡིན་པ་དང་། དེས་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱིས་མཚོ་གཏིང་གི་ཚན་ཞིབ་དམིགས་ཚད་ལ་གནས་གཏན་འཁེལ་གྱིས་ངེས་གནས་ལྟ་ཞིབ་དང་མ་དཔེ་ལེན་ཐུབ་ལ། མཚོ་གཏིང་གི་ཐག་ཉེ་ས་ནས་དུས་ཡུན་རིང་པོར་རྒྱ་མཚོའི་ཁོར་ཡུག་བརྟག་དཔྱད་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བརྟག་དཔྱད། སྐྱེ་དངོས་གསར་པ་ཤེས་རྟོགས། གཞི་རྒྱུ་ལེན་པ་སོགས་ཀྱི་མཚོ་གཏིང་གི་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་ཡང་སྒྲུབ་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།