དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་པེ་ཅིང་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-28

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོག་ཉེར་ཡོད་པའི་མཚམས་སུ། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པའི“2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ”ཚེས་25ཉིན་པེ་ཅིང་དུ་གཉེར་ཞིང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཚིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་བྱེད་སྒོ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་ལས་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་པ་དང་འབྲེལ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་ལས་ལམ་སྲོལ་གྱི་གྲོས་འགོ》ཁྱབ་བསྒྲགས་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། དངོས་སྒྲུབ་བྱ་སྤྱོད་ལ་བརྟེན་ནས་སྨྱན་སྦྱོར་གྱི་འགན་འཁྲི་ཐུན་མོང་ཐོག་འཁུར་བ། མི་ཆོས་རིག་གནས་ལ་བརྟེན་ནས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    བྱེད་སྒོར་ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཧ་སག་སི་ཐན་ཙུང་ཐུང་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་སྒྲིག་གཞིས་མཉམ་དུ“དར་གོས་ལམ་བུའི་སྐར་ཚོགས”ཀྱི་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། རྣམ་གྲངས་དེ་ནི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་། ཀའོ་ཅ་སུའོ་ས་ཁུལ། དེ་བཞིན་ཀྲུང་གོའི་གཞས་པ་བཅས་མཉམ་དུ་ཞུགས་པའི་རོལ་དབྱངས་རྣམ་གྲངས་ཐོག་མ་དེ་རེད། སྤྱི་ཁྱབ་ལས་ཁུངས་CGTN(ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས)ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་དང་མཉམ་དུ“མཉམ་དུ་ཀྲུང་གོར་ལྟ་བ·མཐུན་འགྲོགས་འགྲུལ་བཞུད”ཀྱི་སྨྱན་སྦྱོར་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།