དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-28

    ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དེབ་གསར་འགྲེམས་སྤེལ་དང་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས་25ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག《རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་དང་དེ་བཞིན་དེའི་ཤུལ་ལུས་ཀྱི་གནད་དོན་དང་ཤུགས་རྐྱེན》དང《གནས་ཚུལ་ངོ་མ—རི་པིན་གྱིས་ཀྲུང་གོར་བཙན་འཛུལ་དམག་འཁྲུག་ཐེངས་གཉིས་པ་བརྒྱབ་པའི་འགྲེལ་བཤད》རིག་གཞུང་བརྩམས་ཆོས་གཉིས་ཀྱི་རྒྱ་ཡིག་དང་ཕྱི་ཡིག་གི་པར་མ་བཀྲམ་པ་དང་། ཀྲུང་གོ་དང་རི་པིན་གྱི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་སློབ་སོགས་ལས་ཁུངས་10ལྷག་ཙམ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་70ཙམ་ཞུགས་ཡོད་པ་རེད།

    བརྩམས་ཆོས་དེ་གཉིས་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རི་པིན་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་དེ་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་དང་དེ་བཞིན་ཤུལ་ལུས་ཀྱི་གནད་དོན་ལ་ཟུར་ཚད་མང་པོ་ནས་རིག་ཚན་བརྒལ་ཏེ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཤིག་རེད། དེབ་དེ་གཉིས་ཀྱི་ནང་དུ། ཞིབ་ཕྲ་ལ་བདེན་པའི་ལོ་རྒྱུས་ཀྱི་དཔྱད་གཞིར་བརྟེན་ནས་རིགས་སྒྲུབ་ཁུངས་སྐྱེལ་གཟབ་ནན་གྱིས་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གྱི་ངོ་བོ་དང་དམག་འཁྲུག་ནག་ཉེས་ཀྱི་གནོད་སྐྱོན་ཚབས་ཆེན་དང་དེ་བཞིན་ཤུལ་ལུས་ཀྱི་གནད་དོན་གྱི་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་བཅས་གསལ་པོར་བསྟན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།