དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྐྱེ་དངོས་ཚན་རྩལ་འཕེལ་རྒྱས་ཆེན་པོ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-28

    འདི་ནི་ཟླ་6ཚེས་20ཉིན་ཀྲུང་གོའི་ཚ་ཁུལ་ཞིང་ལས་ཚན་རིག་ཁང་ཏན་ཀྲོའུ་ཁང་གི་ཐོན་སྐྱེད་འཁོར་ཁང་དུ་ཚན་ཞིབ་མི་སྣས་ཚན་ཞིབ་ལས་ཀ་བྱེད་་བཞིན་པ།

    སྐྱེ་དངོས་ལག་རྩལ་ཁྱབ་ཁོངས་སུ་ཀྲུང་གོའི་གསར་གཏོད་བྱེད་སྟངས་གཙོ་བོ་ཐོན་སྐྱེད་བྱེད་མགྱོགས་སུ་དང་མ་གནས་ཉུང་འཕྲིའི་ཐད་གཅིག་སྡུད་བྱས་ཡོད། དེའི་དམིགས་ཡུལ་ནི་སྨན་རྫས་དང་སྨན་བཅོས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཚོད་ལྟ། ཐོན་སྐྱེད་བཅས་ཀྱི་ལྷུ་ཚིགས་སུ་མ་རྩ་ཉུང་དུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་རེད། དེར་བརྟེན། ཀྲུང་གོའི་སྐྱེ་དངོས་ལག་རྩལ་ཐོན་ལས་ཀྱིས་རིན་གོང་ཧ་ཅང་དམའ་པོས་འཛད་སྤྱོད་པར་སྨན་རྫས་དང་སྨན་བཅོས་ཐོན་རྫས་གཞན་དག་མཁོ་འདོན་བྱེད་ཐུབ་ཀྱི་ཡོད། སྨན་རྫས་འདི་དག་གིས་ནད་པ་ཁྲི་སྟོང་མང་པོར་མཁོ་བའི་སྨན་བཅོས་ཇུས་གཞི་མཁོ་འདོན་བྱེད་ཐུབ་ཀྱི་ཡོད། ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། འཛམ་གླིང་གིས་སྐྱེ་དངོས་ལག་རྩལ་གྱི་འགོ་ཁྲིད་པ་གསར་པ་ཞིག་བསུ་རྒྱུ་རེད།

    སྲིད་གཞུང་གི་རྒྱབ་སྐྱོར་ཧུར་ཐག་དང་། རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བའི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག ནད་པའི་ཚོགས་སྤྱི་ཆེན་པོ། ལེགས་སུ་བཏང་བའི་སྨན་བཅོས་མ་ལག་དང་དེ་བཞིན་ཕྱི་རྒྱལ་གྱི་ཁེ་ལས་ཀྱི་མཉམ་ལས་བཅས་ཡོད་པས། ཀྲུང་གོའི་སྐྱེ་དངོས་ལག་རྩལ་ཐད་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།

    —— ཨ་རིའི《ཉིའུ་གཡོད་སྐབས་དོན་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།