དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སེ་ཧྲེར་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-28

    ཝེ་ཁེ་ཐོ་རུའེ་ཡ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། སེ་ཧྲེར་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས་གཉིས་པ་སེ་ཧྲེར་གྱི་རྒྱལ་ས་ཝེ་ཁེ་ཐོ་རུའེ་ཡར་འགོ་ཚུགས་པར། སེ་ཧྲེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་ནན་དང་། སེ་ཧྲེར་འཕྲོད་བསྟེན་པུའི་པུའུ་ཀྲང་ཝེ་ཁེ། སློབ་གསོ་པུའི་པུའུ་ཀྲང་ཝ་ལང་ཐན། རྒྱལ་སྲུང་དམག་གི་སི་ལིང་ལུའོ་སའེ་ཐེ་སོགས་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་དེ་བཞིན་ས་གནས་དེ་གའི་དམངས་ཚོགས་180ཙམ་ཞུགས་ཡོད་པ་རེད།

    ལིན་ནན་གྱིས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་པ་དང་། ཀྲུང་གོས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ད་ཐེངས་ཀྱི་གློག་བརྙན་དུས་ཆེན་ཐོག་གནས་ཚུལ་དངོས་མཚོན་གློག་བརྙན《ལི་སི་པིན་ཝན་རྟགས་ཅན་གྲུ་གཟིངས་རྒྱ་མཚོར་བྱིང་བ》གཟིགས་འབུལ་བྱས་ཤིང་། དེའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ལོ་རྒྱུས་མེ་ལོང་དུ་འཛིན་ཆེད་རེད། སེ་ཧྲེར་གྱི་དམངས་ཚོགས་ཚོས་གློག་བརྙན་འདི་བརྒྱུད་ཀྲུང་གོར་སྔར་བས་ཤེས་རྟོགས་ཐུབ་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    སེ་ཧྲེར་རྒྱལ་ཁབ་རིག་གནས་ཤུལ་བཞག་དང་སྒྱུ་རྩལ་ཧྲུའུ་ཡི་དྲུང་ཆེ་ཨན་ཏེ་ལེ་ཡིས། ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་བ་བརྒྱུད་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།