དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ལྕགས་ལམ་གྱིས་དབྱར་གསེང་སྐྱེལ་འདྲེན་རིང་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་8ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་ཟླ་7ཚེས་1ཉིན་ནས་འགོ་ཚུགས་པ་རེད། གསར་འགོད་པས་ཟླ་8ཚེས་24ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་1ནས་ཟླ་8ཚེས་23ཉིན་བར་རྒྱལ་ཡོངས་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་དུང་ཕྱུར་8.23ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ནས་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱས་པའི་མི་ཐེངས་ཁྲི་1523ཟིན་ཡོད།

    དབྱར་གསེང་སྐྱེལ་འདྲེན་རིང་། ལྕགས་ལམ་སྡེ་ཚན་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་མེ་འཁོར་སྐྱེལ་འདྲེན་དཔེ་རིས་ཀྱི་རྨང་གཞིའི་ཐོག་དབྱར་གསེང་འགྲུལ་པ་སྐྱེལ་འདྲེན་གྱི་དཔེ་རིས་བཟོས་ནས་ལག་ལེན་བསྟར་ཞིང་། ཕྱོགས་གཅིག་ནས་པེ་ཅིང་ནས་ཧར་པིན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཅིང་ཧྲེན་དང་། ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧང་ཁྲང་དུམ་བུའི་ཚད་གཞི་མཐོ་བའི་སྐྱེལ་འདྲེན། ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་ཤར་ཕྱོགས་ནས་ཆན་ཅང་བར་བཅས་ཀྱི་དུམ་བུ་དང་། ཁྲུང་ཆིང་འབབ་ཚུགས་ཤར་མ་སོགས་ཀྱི་ལམ་ཐིག་གསར་པ་དང་འབབ་ཚུགས་གསར་པའི་ནུས་པ་བེད་ཡག་པོ་སྤྱད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ལྕགས་ལམ་གྱི་12306སྤ་སེ་འཚོང་བའི་གྲངས་གཞི་ཆེན་པོར་བབ་བསྟུན་དབྱེ་ཞིབ་དང་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོར་གཞིགས་ནས་སྤ་སེ་འཚོང་ཐབས་སྐབས་བསྟུན་ངང་ལེགས་སྒྲིག་གིས་འགྲོ་མང་བའི་ཁ་ཕྱོགས་དང་། ས་ཁོངས། དུས་མཚམས་བཅས་ཀྱི་སྐྱེལ་འདྲེན་ནུས་པ་དུས་ཐོག་ཏུ་མང་དུའང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།