དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་བདུན་པའི་དྲ་ཚོང་ཟོག་འགྲུལ་སྟོན་གྲངས་ཀྱིས་ལོའི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-27

     ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་ལྷན་ཚོགས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ད་ལོའི་ཟླ་བ་7པར་ཀྲུང་གོའི་དྲ་ཚོང་ཟོག་འགྲུལ་གྱི་སྟོན་གྲངས་112.0ཟིན་ནས་ཟླ་གོང་མ་ལས་0.2འཕར་ཏེ་ལོའི་ཟིན་ཐོ་གསར་པ་བཏོད་པ་དང་། རྣམ་གྲངས་ཕྱེ་བའི་སྟོན་གྲངས་ཁྲོད་སྤྱིའི་ལས་འབོར་གྱི་སྟོན་གྲངས་དང་། གྲོང་གསེབ་ལས་འབོར་གྱི་སྟོན་གྲངས། མཛོད་ཉར་འཁོར་རྒྱུག་གི་སྟོན་གྲངས་བཅས་འཕར་ཡོད།

    དྲ་ཚོང་ཟོག་འགྲུལ་གྱི་སྤྱིའི་ལས་འབོར་སྟོན་གྲངས་ཀྱིས་ལོའི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཅིང་། ཟླ་བ་7པར་དྲ་ཚོང་ཟོག་འགྲུལ་གྱི་སྤྱིའི་ལས་འབོར་སྟོན་གྲངས་130.9ཟིན་ནས་ཟླ་གོང་མ་ལས་0.1འཕར་བ་དང་། ས་ཁུལ་དབྱེ་ནས་བལྟས་ན། ནུབ་རྒྱུད་ས་ཁུལ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།

    དྲ་ཚོང་ཟོག་འགྲུལ་གྱི་གྲོང་གསེབ་ལས་འབོར་སྟོན་གྲངས་མགྱོགས་མྱུར་འཕར་ཞིང་། ཟླ་བ་7པར་གྲོང་གསེབ་དྲ་ཚོང་ཟོག་འགྲུལ་གྱི་ལས་འབོར་སྟོན་གྲངས་131.5ཟིན་ནས་ཟླ་གོང་མ་ལས་1.1འཕར་བ་དང་། ས་ཁུལ་དབྱེ་ནས་བལྟས་ན། ས་ཁུལ་ཡོངས་ཀྱི་གྲོང་གསེབ་ལས་འབོར་གྱི་སྟོན་གྲངས་ཚང་མ་འཕར་བ་དང་དབུས་རྒྱུད་ས་ཁུལ་གྱི་འཕར་ཚད་མཐོ་ཤོས་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་དང་མི་འདྲ་བ་ཞིག་ནི་ད་ལོའི་ཟླ་བ་7པར་དྲ་ཚོང་ཟོག་འགྲུལ་ཁྲོམ་ར་དེ་ལོ་དཀྱིལ་གྱི་དྲ་ཚོང་ལ་སྐུལ་འདེད་སོགས་ཀྱི་བྱེད་སྒོ་མཇུག་འགྲིལ་བ་ལས་འཇམ་ཐིང་ངེར་གྱུར་མེད་པ་མ་ཟད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཟླ་བ་7པར་དྲ་ཚོང་ཟོག་འགྲུལ་གྱི་དགོས་མཁོ་འཕར་བ་དང་རྒྱ་ཆེའི་གྲོང་གསེབ་ས་ཁུལ་གྱི་དྲ་ཚོང་འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་ནས། དྲ་ཚོང་ཟོག་འགྲུལ་སྟོན་གྲངས་འཕར་བར་སྐུལ་ཁྲིད་བྱེད་པའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།