རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས།
ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གཅན་ཚའི་རྨ་ཆུའི་ཟམ་པ་ཆེ་ཤོས་ཀྱི་ཨར་སྐྲུན་རྣམ་གྲངས“8·22”ཀྱི་ཟམ་པ་བརྡིབས་པའི་དོན་རྐྱེན་ཚབས་ཆེན་ལ་མིང་སྦྱར་ལྟ་སྐུལ་བྱ་རྒྱུའི་ཐག་བཅད་པ།
ཉེ་ཆར། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གཅན་ཚའི་རྨ་ཆུའི་ཟམ་པ་ཆེ་ཤོས་ཀྱི་ཨར་སྐྲུན་རྣམ་གྲངས“8·22”ཀྱི་ཟམ་པ་བརྡིབས་པའི་དོན་རྐྱེན་ཚབས་ཆེན་ལ་མིང་སྦྱར་ལྟ་སྐུལ་བྱ་རྒྱུའི་ཐག་བཅད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་རྒྱལ་ཁབ་ལྕགས་ལམ་ཅུས་དང་མཉམ་དུ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དོན་རྐྱེན་བརྟག་དཔྱད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད།
ཟླ་8ཚེས་22ཉིན། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་མཚོ་སྔོན་དུམ་བུའི་གཅན་ཚའི་རྨ་ཆུའི་ཟམ་པ་ཆེ་ཤོས་ཨར་སྐྲུན་རྣམ་གྲངས་ཀྱི་ཟམ་པ་བརྡིབས་པའི་དོན་རྐྱེན་ཐོན་ནས་མིག་སྔར་མི་12ཤི་བ་དང་མི་4འབྲེལ་ཐག་ཆད་པ་རེད།
འབྲེལ་ཡོད་གསར་འགྱུར།