དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྩྭ་ཐང་མཁའ་ལམ་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་ཀྲང་ཅ་ཁོའུ་རུ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-27

    ཤིན་ཧྭ་གསར་འགྱུར་ཁང་ཧྲི་ཅ་ཀྲོང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ཀྲུང་གོའི་རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་པའི་འདུ་ཚོཌ་ཆེན་པོ་དང་རྩྭ་ཐང་མཁའ་ལམ་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་ཉེ་ཆར་ཧོ་པེ་ཞིང་ཆེན་གྱི་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

    རྩྭ་ཐང་མཁའ་ལམ་ནི་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་གནས་ཤིང་ལམ་ཐག་ལ་སྤྱི་ལེ་323.9ཟིན་གྱི་ཡོད་པས“ཀྲུང་གོའི་གཞུང་ལམ་ཨང་66པ”ཞེས་བརྗོད་ཀྱི་ཡོད། ཟླ་བ་བརྒྱད་པར་རྩྭ་ཐང་མཁའ་ལམ་ལ་ནམ་དུས་མཛེས་ཤོས་ཤར་ནས་གནམ་གཤིས་བསིལ་བས་རྐང་འཁོར་བཞོན་མཁན་ལ་ཚ་གཡོལ་གྱི་འགྲན་ལམ་ཞིག་བསྐྲུན་ཡོད།

    ད་ཐེངས་ཀྱི་འགྲན་བསྡུར་ལ་དུས་ཡུན་ཉིན་9ཡིན་ཞིང་། དེའི་རིང་འགྲན་བསྡུར་རིགས་ཆེན་པོ་7དང་འགྲན་བསྡུར་ཐེངས་19བཀོད་སྒྲིག་བྱས་ཡོད་པར་འགྲན་བསྡུར་ལ་ཞུགས་མཁན་8000ལྷག་ཙམ་ཟིན་ཡོད། འགྲན་བསྡུར་ལ་གཞུང་ལམ་རྐང་འཁོར་འགྲན་བསྡུར་དང་། རི་ཁུལ་རྐང་འཁོར་འགྲན་བསྡུར། རང་མོས་འཁོར་ཆུང་རྐང་འཁོར་འགྲན་བསྡུར་སོགས་ཚུད་ལ། ད་དུང་ཤུད་པང་དང་། ཕི་ལི་ཞབས་བྲོའི་འགྲན་བསྡུར། རྐང་ཐང་དང་བྱེ་ཐང་རྒྱུག་ཤར་སོགས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཡང་གཉེར་ནས་རྐང་འཁོར་འགྲན་བསྡུར་གྱིས་གཙོས་པའི་གསར་དར་ལུས་རྩལ་དང་མང་ཚོགས་ལུས་སྦྱོང་རྣམ་གྲངས་མཉམ་འདྲེས་ཀྱི་ཕྱི་རོལ་དུ་རྐང་འཁོར་འགྲན་བསྡུར་གྱི་དགའ་ནེའུ་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།