དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས་ཧྭ་ཝུའེ་དང་མཉམ་དུ་གྲངས་འཛིན་ཕྱོགས་སྒྱུར་གྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-27

    ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གྲངས་གཞི་ཅུས་ཀྱིས་ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི་དང་མཉམ་དུ“ཧྭ་ཝུའེ་ཀྲུང་གོའི་བྱ་སྤྱོད་2025ལོའི་ཚན་རྩལ་འགྲེམས་སྟོན་གྱི་གཏེར་ལེན་ཁའི་ཆེད་དོན”བྱེད་སྒོ་གཉེར་བ་དང་། ཡུལ་དངོས་སུ་ཧྭ་ཝུའེ་ཡི་རིག་ལྡན་འགྲེམས་སྟོན་རླངས་འཁོར་གྱི་ལས་སྟེགས་ལ་བརྟེན་ནས་གྲངས་འཛིན་སྲིད་གཞུང་དང་རིག་ལྡན་གླིང་ཁུལ་ཁྱབ་ཁོངས་ཀྱི་ཧྭ་ཝུའེ་ཡི་གསར་གཏོད་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། མཚོ་ནུབ་ཀྲོའུ་ལ་གྲངས་འཛིན་སྲིད་གཞུང་དང་རིག་ལྡན་གླིང་ཁུལ་གྱི་ལག་རྩལ་གསར་ཤོས་དངོས་སུ་ཉམས་ལེན་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ནུབ་ཀྲོའུ་ཡི་གྲངས་འཛིན་ཅན་ཕྱོགས་སྒྱུར་གྱི་ལྟེ་བའི་དགོས་མཁོར་དམིགས་ནས། ད་ཐེངས་ཀྱི་ཚན་རྩལ་འགྲེམས་སྟོན་ཐོག་ཧྭ་ཝུའེ་གྲངས་རིག་ཅན་གྱི་གྲངས་འཛིན་སྲིད་གཞུང་གི་ཐག་གཅོད་ཇུས་གཞི་དང་འགག་རྩའི་ཁྱབ་ཁོངས་ཀྱི་གསར་གཏོད་བཀོལ་སྤྱོད་གཙོ་གནད་དུ་བཟུང་སྟེ་འགྲེམས་སྟོན་བྱས་པ་དང་། ཡུལ་དངོས་སུ་སྲིད་དོན་གྲངས་གཞིའི་བཅོས་སྐྱོང་གི་སྔོན་ཐོན་འདུ་ཤེས་དང་ལག་ལེན་དངོས་བསྟན་པ་མ་ཟད། ད་དུང་སྲིད་དོན་ཞབས་ཞུའི་ཁྲོད་མི་ཐབས་རིག་ནུས་ཀྱི(AI)རིག་ནུས་ཅན་གྱི་རྣམ་པ་བཀོལ་སྤྱོད་བྱས་པ་དང་། རྒྱལ་ཐོན་གྱི་གྲངས་འཛིན་རྨང་གཞི(རྩིས་རྒྱག་དང་གསོག་ཉར) རྒྱལ་ཐོན་གྱི་གཞུང་དོན་སྒྲིག་ཆས་དང་མཐའ་སྣེ། F5Gའོད་ཡོངས་དྲ་རྒྱ་དང་ཀྲའོ་ཁྲི་ཡི་གླིང་ཁུལ་གྱི་ལག་རྩལ། དེ་བཞིན་དྲ་རྒྱའི་བདེ་འཇགས་ཕྱོགས་ཡོངས་ཐག་གཅོད་ཀྱི་ཇུས་གཞི་བཅས་མངོན་པར་བྱས་ཡོད། ནང་དོན་དེ་དག་ལས་ཧྭ་ཝུའེ་སྲིད་གཞུང་གི་བཅོས་སྐྱོང་ཕན་ནུས་ཆེར་གཏོང་དང་། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་སྟབས་བདེ་སྐྲུན་པ། རིག་ལྡན་གླིང་ཁུལ་གྱི་བདེ་འཇགས་འགོག་སྲུང་བརྟན་འཛུགས་སོགས་ཐད་ཀྱི་གྲུབ་འབྲས་གསར་ཤོས་མངོན་པར་བྱས་ཏེ་མཚོ་ནུབ་ཀྲོའུ་ཡི་གོམ་སྟབས་རྗེས་མའི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ཟབ་གཏོང་དང་རིག་ལྡན་སྲིད་དོན་གྱི་ཚད་གཞི་གསར་པ་གཏོད་རྒྱུར་ངེས་ཤེས་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།