རི་འགོག་དམག་འཁྲུག་བརྗོད་བྱར་བྱས་པའི་བརྙན་འཕྲིན་ འཁྲབ་ཚན《དཔུང་སྡེར་ལོག་པ》ཞེས་པ་བསྟན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བརྙན་འཕྲིན་བརྩམས་ཆོས་འགྲེམས་སྟོན་བྱེད་སྒོའི་གཙོ་གནད་བརྩམས་ཆོས་གསར་པ་ཡིན་པའི་བརྙན་འཕྲིན་འཁྲབ་ཚན《དཔུང་སྡེར་ལོག་པ》ཞེས་པ་ཚེས་25ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་འཁྲབ་ཚན་འཕྲིན་ལམ་ནས་སྟོན་འགོ་ཚུགས་ཤིང་། དེའི་ནང་བྱང་ཤར་རི་འགོག་མཉམ་འབྲེལ་གྱི་འཐབ་འཛིང་པ་ཚོའི་སྙིང་སྟོབས་བརྗོད་པ་བརྒྱུད་རི་འགོག་དམག་འཁྲུག་ཁྲོད་མི་གཤིས་ཀྱི་བརྩེ་བ་ཆུང་ས་ནས་ཆེན་པོ་མཚོན་པའི་ཐོག་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་མངོན་པར་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་རྒྱུས་ཇི་མ་ཇི་བཞིན་སླར་གསོ་བྱ་ཆེད། འཁྲབ་ཚན་ཚོགས་ཆུང་གིས་བྱང་ཤར་རི་འགོག་མཉམ་འབྲེལ་གྱི་འཐབ་འཛིང་བྱ་ཡུལ་ལ་ཡོང་ནས་ཡུལ་ལྗོངས་པར་ལེན་བྱས་ཏེ། ལྷན་པ་བརྒྱབ་པའི་གྱོན་གོས་དང་། མི་སྣའི་གཟུགས་པོར་རྨས་སྐྱོན་ཆེ་ཆུང་མི་འདྲ་བ་ཕོག་ཚུལ། འཁྲབ་ཆས་ཀྱི་རྙིང་ཧྲུལ་སོགས་ཚང་མ་ནས་འཁྲབ་བྱའི་མི་སྣ་དེའི་གནས་བབ་ཀྱི་བརྒྱུད་རིམ་དང་། གནས་སའི་ཁོར་ཡུག དམག་འཁྲུག་གིས་བཟོས་པའི་ཡ་ངའི་རྣམ་པ་བཅས་དང་འཚམ་པའི་སྒོ་ནས་རི་འགོག་མཉམ་འབྲེལ་འཐབ་འཛིང་པས་ཁ་བའི་ཁྲོད་དཀའ་ཚེགས་ཆེན་པོས་འཚོ་ཐབས་དང་བློ་བརྟན་འགྱུར་མེད་ངང་དམག་འཐབ་བྱེད་པ་སོགས་ཀྱི་རྣམ་པ་མངོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།